news of june

6
-1- Bod-Dhon-Ling-Tik འ་འདན་ཐངས་་པ། ་ང་ཚགས་པར། ་ལ་ ༢༠༡༡ ་བ་ ༦ པའ་ཚས་ ༡། གསར་རན་ར། 5Rs བད་དན་ང་གས། BOD-DHON-LING-TIK ལགས་བཤད། ་ལ་༢༠༡༡ ་༤ ཚས་༢༣ ཉན་ར་བ་་རམ་ས་ ལར་ཚ་བ་ང་ཆ་ཞང་། ས་པའ ་འག་ཤག་གཡས་ གཡན་་གད་གས་བགས་པའ་་ངན་གང་སར་ མཆད་བཞན་འག ཨ་ཤ་ཡ་རང་དབང་ང་འན་ ཁང་གས་བད་མད་ད་་བའ་ལ་་་གང་གས་ གཉའ་གནན་དང་ང་གཅག་གསད་འག་ད་བཞན་ པའ་གནས་ལ་ང་ག་ད་་འག ངས་ག་ ད་་ཁ་ས་ནས་QQ་འལ་ང་མལ་ལས་ བད་ནང་ག་ང་ཤས་དག་ལ་འལ་བ་ད་འདད་ས་ པ་ཡན། “ས ས” ང་ལ་QQནང་་་ ས་ནས་ང་ཤས་ཤག་གས་ད་ཅག་བཞག་འག “་ བར་ན་ཙའ་དང་ཆན་བས་འག ད་ཚས་ཅ་ ད་་ཡད།” ངས་ཚག་མ་གཉས་ཅན་་འན་ ཡག་འད་ལ་ཡང་ཡང་བས་ཤང་། ཚག་མ་འད་ གཉས་ཡང་ཡང་བས་པ་ཡན། ངས་མཉམ་འལ་ ལ་ཚགས་་མའ་ཚགས་ང་གས་བད་་བའ་ ཐད་ང་ང་ཅ་ས་དང་། ཨ་ར་དང་་རབ་སགས་ ནས་རང་རའ་བ་དང་་ས་པའ་གནས་ལ་ རང་པ་ཞག་ས་ཚར་སང་། གནས་ལ་འད་དག་ཁ་ ལ་གཏང་དགས་པ་ཡན་ནམ། ང་ལ་་དགས་ས་ ཤང་། ངས་ཁ་ཚའ་ངས་ག་གས་ན་བཞན་པའ་ དཔལ་འབར་་མ་་ལ་བསམ་་བཏང་་་གཡའ་ བའ་ཚར་བ་ཞག་བས་སང་། ང་ན་མ་ང་ང་ཞག་ ཡན་པས་གཞས་བགས་པར་ངར་གས་ང་ད་ ་ན་འད་ཡངས་་གབ་ནས་“དགངས་པ་མ་ ཚམས་”ཞས་ས་ཏ་བཏང་བ་ཡན། ་རམ་ས་ལར་མ་མང་ག་ད་འབད་བད་མར་ གས་ཤང་། ཡ་ང་བའ་་ལ་་གནས་ངས་ན་ ཇ་ག་ནས་ཇ་ག་ཡན་པའ་གནས་ལ་ཐན་་ འག མ་པ་མད་པའ་ལ་གཅས་དཔའ་བ་་ན་ ཚགས་ལགས་ས་རང་ས་མར་བགས་་ང་ ལ་དང་། བས་སང་ཕ་མ་གཉས་་ཚ་ག་འག་ པའ་གནས་ལ་སགས། བསམ་པ་ཙམ་ས་ཞ་ང་ དང་ཁང་། འཇགས་ང་སགས་རམ་པར་བས། མའ་ཚ་ག་ན་་ཆན་ཞག་ཡན་པ་ཤས་བཞན་་་ དམག་ག་་ཧམ་དང་གམ་ད་བད་མའ་ཚ་ག་ ག་ང་་་ད་ང་ལ་ཤར་བ་བཞན་བས་ཤང་ ། ་དམག་འད་དག་ལ་ཚ་ག་ག་ས་ཐང་དང་མའ་ ན་ད་་ངས་ཤས་ཡ་ནས་ང་བ་འད་ཅ་ཞག་མ་ འག་པ་ཡན་ནམ། ངའ་མག་ལམ་་མདག་ང་སར་ཅན་་་བ་ན་ ཞང་། བད་མ་མས་ས་མཐང་ཡང་མ་ང་བའ་ག་ ཆས་ག་མཚན་ཐགས་པའ་འཇགས་ལ་བ་མང་པ་ ལ་མང་རང་ཞ་བད་བག་ཕབས་ས་འཚ་བ་རལ་བའ་ ་བའ་མ་མང་ག་གས་་བས་ཤང་། ་བ་ད་ ད་བར་གམ་་ཅ་ཞག་ཟ་་ཡད་མད་དང་། ཅ་ ཞག་འང་་ཡད་མད་ལ་ཧམ་སམས་ས་ཞབ་་ ས། ་ར་་མ་མདའ་ད་ས་་ལ་ཡངས་ ་ཁངས་ཤང་། སམས་་དག་ཞང་ལ་བ་ང་ད་ སའ་བ་་ཆན་མ་ཞག་མ་་ད་་ཡལ་བར་ར། དག་འན་པ་ཉས་ང་ག་ག་བ་ང་ད་ས་འད་ གཏར་བཤག་མཁན་་ལག་འག་ནས་རམ་པར་ཡལ་ ས། ལ་ས་ཡག་ཚགས་ད་་་ང་དགན་ ་མང་ང་འད་ལས་ག་མད་་ར། བཙན་པའ དམག་དང་ག་ད་་མཛད་ས་ཆ་ཞང་་བས་ ན་ལ་་བཤལ་མད་པའ་་་བའ་མང་རང་དང་ དང་མ་ཐགས་པའ་རལ་་འཆང་མཁན་་དཔའ་ དགངས་སལ་ཞག ---- བད་་བར་སམས་གཏད་པ། -----རས་པ། ོམ་ཡག་འད་ན་བོད་་བའ་ལ་མ་ཡོངས་ལ་གང་སམས་མཉམ་ས་ཆད་ལ་བ་ལགས། བ་མང་པ་ནང་པའ་ཆས་ས་མས་སམས་ཅན་ ་མ་ད་་བན་ཞང་། བ་སམས་ས་ཁངས་ ཏ་འཇག་ན་ཁམས་གཅས་པར་ང་བའ་ས་་ བར་མད་་གས་པའ་མ་མདའ་ད་འ་ངགས་་ འཐམས། ལ་་ས་པ་ན་ཕ་མད་མ་མད་་མས་ སམས་ཅན་་མ་ད་ཁག་ཅག་ཡན། ར་གས་ན་ པའ་ཚར་བ་ཙམ་ལས་མད་པའ་དམག་་ང་སར་ ཅན་་འཇགས་ལ་བ་དག་དགད་འ་ད་ར་ཐན་ ས་ཤང་། འར་འདད་པ་ཆ་ཚང་འར་ནས་ན་ སང་། ད་ས་་ལ་ ༡༩༣༥ རད། མས་སམས་ཅན་་མ་ད་ས་བབས་པ་ན་ མས་སམས་གཅག་་ག་ལ་ཡན། ལས་དབང་དང་ ། ་འས། བཟད་པ། ན་བ་སམས་འར་ན་ པའ་རག་གནས་ཅ་འའ་མང་པ་ཞག་ཁ་ཚས་གས་ ཏ་ཉམས་ལན་ད་བཞན་འག་ཨང་། ་བའ་མ་ མང་གས་རང་ག་རག་གནས་ཉམས་ལན་དང་མན་ བད་་གམ་པ་མཚམས་འཇག་ས་ང་མད་པ་ དང་། ལ་ས་་སར་གཉས་ས་རང་འགན་ག་ ་ངས་ཏ་གཟ་བད་ན་པའ་དགན་པ་གསར་ བཞངས་ས་སམས་་དག་ཞང་ལངས་་ད་པའ་ མ་པ་ན་མ་ཚགས་པར་བན་་ཞ་བད་བག་ ཕབས་་འཚ་བར་འབད་བན་ས། འན་ང་། འཇགས་ལ་བ་ར་ཡང་བས་ཤང་། དབང་བར་དང་བཙན་འལ་་འདད་པ་ར་ལས་ ཆ་བ་ང་། “ས་ལ་ཁབ་་ཡན་། ་ལ་ཁབ་ ་ཡན་”ཟར་བའ་བཤད་ཡམས་ཤག་བགས་ཤང་ བད་མ་མས་ལ་ལ་ཁབ་་ཡན་ནམ་མ་པའ་ ་བ་འཁར་ཡད་ངས། ཡ་མཚན་པ་ཞག་ལ་ལ་ཁབ་ ད་ན་ང་གདང་་བར་བར་་གགས་པ་ང་ཞང་ ། འ་་དང་འ་བ་ཡད་པའ་་མ་བཙན་འལ་བ་ ཚ་ཡན། ད་ནས་བང་་ཁག་གས་མཚན་པའ་བད་ ལ་ཡངས་་ག་ན་ཆད་པའ་ས་ཚད་ཡལ་ ང་མད་ཅང་། ག་འདན་པར་དགའ་བའ་བཙན་ འལ་བའ་འམ་པར་དམར་གར་གར་་ད་མདག་ ཤར་ཏ་“མ་ཡས་རང་དན་མ་བབས་ན།། གནམ་ སའ་དབར་་གནས་ཐབས་མད།།” ཟར་བའ་་མའ་ གཏམ་དཔ་ད་ཁ་ཚས་ག་་ཡང་ཡང་བར་ན་ ཡད། ་མ་ལས་གཞན་ས་མ་ཐས་སར་་་་་་་་་ འཇགས་ལ་དང་གཉའ་གནན། ང་གཅག་གསད་ འག་ག་མནར་གཅད་འག་ནས་ལ་ང་བན་་དན་ གམ་འདས་པའ་་ལ་ ༢༠༠༨ ལར་་བའ་མ་མང་ གས་ང་འ་མཚན་དན་་གངས་གས་ཡ་ག་ ག་མ་བས་ཤང་། བདག་གཞན་མཉམ་བ་ཡ་ ཆས་་དགངས་དན་་དམར་འཇགས་ལ་བར་ བ་ད་ས། “ཐག ཐག ཐག”བས་ལ་དག་ འན་པ་གཅག་དང་། བ་ར་འ་བའ་་མ་ཞག་ ས་་འལ། ད་ང་ད་ལས་ང་མང་པ་ངས་པ་་ ་འ་ངས་ག་ནང་་བལ་སང་། ང་ཚའ་ན་ ལ་་ན་ཚག་ཅག་འཁར། ན་ཚག་ད་ན་མ་ཤ་ ་འལ་ལ་ཞ་ན་ང་བའ་ར་བ་དག་གས་པའ་ ན་ངག་་བ་ཆན་པ་ཞང་ང་ཆས་དབང་གས་པ་ ལགས་་“འཛན་མ་ས་པའ་གས་དཀར་ན།། བར་ བར་ག་ག་ང་ཀ་འལ།། ལ་ལར་ག་ན་ན་ མ་འབབས།། ”ཞས་པ་འད་ཡན། ན་ཚག་ང་བ་ གམ་པ་འད་ཡས་་ལ་་མ་པ་ཡངས་་ མཚན་པར་ས་ཤང་། ང་ལ་འད་ལས་ང་ཁ་གསལ་ ལ་ཚག་ང་བའ་བད་པ་ཅ་ཡང་མ་ང་། ག་ད་ གང་ག་་འ ་་དང་ར་ལས་ང་ན་པ་ ས་ཤང་། མས་སམས་ཅན་་མ་ད་མས་ ་ག་པ་བཟས་སང་། བཟད་བན་ཆ་ལ་་བས་ཉམས་པ་མད་པའ་ བདན་དན་་མག་བ་ཡར་ལ་བགས་ཤང་། ཚ་ ག་གས་བདན་དན་་ལ་་ད་པའ་བད་ག་ གཞན་་ཞག་གས་རང་ག་དར། “བད་ལ་ལ། བད་ལ་ལ། བད་མ་མས་ས་ང་རང་དབང་ ག་འཚ་བ་རལ་ཆག་དགས། བད་མ་མས་ས་ ང་རང་ཉད་་དད་མས་ད་སར་ས་བར་ ད་པའ་རང་དབང་དགས། ང་ཚ་ལ་རང་ཉད་་ བདག་དབང་དགས། ”ཞགས་པའ་ཉ་ཟར་་ངས་ གཙང་དང་འགས་པའ་ལ་གཅས་དཔའ་བ་ན་ ཚགས་ལགས་་་ང་གས་མངན་འདད་མང་ དག་ཅག་མནབས་ནས་ཀ་དགན་པའ་གས་་ བས་ཤང་། ཁང་ག་ཆས་་གས་པ་མས་ དང་། ལ་མ་མས་ས་ཁང་ག་མངན་འདད་ད་ རང་ཉད་་མངན་འདད་ཡན་པའ་གསལ་བགས་ བངས། ཏང་ང་དང་ནས་བས་པའ་ཁ་པར་ ་ཏར་་་བའ་ང་ད་གང་ནས་སང་སང་ གས་ཤང་། ག་ད་གང་ག་གམ་ག་ ཅན་་་ཚགས་ཤར་ས་་བ་ཀ་དགན་པའ་ གས་་བས་ནས་ཐག་ཐག་ཐག་ག་མ་མདའ་ ད་་བར་མད་་བགས་ང་། ད་ང་ཚ་ ག་ཅ་ཙམ་ཞག་་དམར་་དགད་་དང་མཉམ་ ་མག་བས་ཡད་ཨང་། ང་རང་ར་བ་ང་ ང་་རམ་ས་ལའ་ང་ནས་ན་མད་ཚར་མད་་ ས་ཤང་། གསར་ལམ་ཁག་་ཉན་ན་ཛ་ག་ག་ གནས་ལ་ལ་ན་འག ་འ་གང་ངས་ ་་བའ་མང་ང་གས་ཁངས་ཤང་། ་བའ་ལ་ གཅས་དཔའ་བར་བད་པའ་ན་ངག་ག་ཚར་ བས་ལ་མག་བམས། ཐག་ཆན་ཆས་ང་་ ་ལ་དང་། བད་ས་ཡངས་་ག་ད་གང་ག་ མ་མདའ་མ་ག་་ངས་པའ་དཔའ་བ་མས་ དང་། བཙན་ས་ན་་མ་པར་གང་སམས་ མཉམ་བད་་ཆད་་ན་ལམ་གང་འདན་ ད་་ཡན་ཞང་། ངས་ང་《ན་ལམ་གས་ བགས་》་དབ་ར་ནས་ཐག་ཆན་ཆས་ང་་ ན་ལམ་འདབས་པར་འ་་ཡན། རགས་ད་གཅག་པའ་་བའ་མ་མང་ལགས། ངས་ ན་ན་ལམ་་ཆ་ག་འད་གཉར་ཏ་རང་སམས་ ག་གས་མནན་པའ་གདང་པ་་་ན་པ་ལས་ ཅ་ཡང་མ་ས་པས་“དགངས་པ་མ་ཚམས་”་་ ཡན། བད་གས་ཡས་བཙན་ལ་ལ་༥༡པ་་ལ་༢༠༡༡་ ༤ཚས་༢༥དགང་མ། འགན་ར་གམ། དང་པ། ཁང་ཉད་འ་བ་མ་ཞག་ཡན་པའ་ཆ་ནས། འ་བ་ མའ་ད་་བཟང་ད་གང་མཐར་ལ་ཐབས་་ ་ད་ཡན་ཞང༌། ད་ན་མ་ར་དང༌། མ་ཚང༌། ་ ཚགས་བཅས་་བད་ད་འང་བའ་གཞ་་ཡན་ པར་བཞད། གཉས་པ། ཁང་ཉད་ཆས་པ་ཞག་ཡན་པའ་ཆ་ནས། ཆས་ གས་ཕན་ན་བར་མན་འལ་གང་མཐར་ གཏང་་ད་ཡན་ཞང༌། ཆས་གས་འ་མན་ལ་ ་བ་དང་བ་མཐའ་འ་མན་ཡད་ང༌། མས་པ་ དང༌། བ་བ། བཟད་མ། ཆག་ཤས། ལ་མས་ བཅས་་བབ་་ཉམས་་ལན་པར་ཆས་གས་ ཚང་མ་གཅག་མངས་ཡན་པ་མ་ཟད། མ་ཚ་ བད་ད་་ལམ་་འད་པའ་ས་པའང་གཅག་ མངས་ཡན་པར་བཞད། གམ་པ། ཁང་ཉད་བད་མ་ཞག་ཡན་པ་དང་་ལའ་་མའ་ མཚན་གནས་ཡད་པ། ག་པར་་བད་་ནང་་ ཡད་པའ་བད་མ་སར་་ཡངས་ས་ཡད་ཆས་་ གཏད་ཆན་པ་ད་བཞན་ཡད་པའ་ཆ་ནས། བད་་ ་དན་ལ་གས་ར་དང༌། བཙན་འག་ལ་གནས་ པའ་བད་མ་ཚའ་རང་དབང་ག་མན་ཚབ་པ་ཞག་ གནང་་དའང་ ཁང་ག་འགན་ར་ཡན་པར་བཞད། ༌༌༌༌༌༌༌༌༌༌༌༌༌༌༌༌༸གང་ས་མཆག་ག་་་ལས། མག་གས་མཐང་བ་དང་་བས་ཐས་པ་ ཁ་ནས་ཐག་གཅད་དགས་པ་ཞག་ལས། ཤས་པས་མཁས་པར་འ་བ་དང་། མ་ ཤས་པས་ན་པར་འ་བ་ཞག་ན་མ་ ཡན་ན་ཡང་། འལ་ཚད་ས་ས་ན་ ན་་འ་བ་ན་་མ་དགས་ལ། ཇ་ ་བ་བཞན་ཤས་པ་ཞག་ང་ན་ན་ཅས་ ང་དན་ཆན་པར་འར་ངས། ---དག་འན་ཆས་འཕལ། ང་ཚ་ན་པའ་བཀའ་ལ་གཙ་མཁན་ཞག་ཡན།འ་ བ་རགས་སམས་ཅན་མཐའ་དག་བསམ་ར་འཁར་ མ་བ་ན་ཡང་ག་ད་གཅག་པའ་ཆལ་གམ་ ན་་མས་དམ་ཚག་འ་་གཅག་འས་ཡང་ ཐབས་ལ་་གང་ས་ནས་བསམ་་གཏང་དགས་ ངས་རད། གལ་ད་ཆལ་གམ་ཆས་གས་དང་ བཅས་པར་གས་རས་ད་འར་ང་ཚ། ལ་ན་གས་ཅན་ཡན་ནའང་འ། དཔན་པ་ དབང་གས་ཅན་ཡན་ནའང་འ། ཚང་པ་འར་ ན་ཅན་ཡན་ནའང་འ།གང་ར་་ཡན་ནའང་། ད་ ལ་ང་ལ་མཐའ་གཅག་་ད་དགས། གང་ཡན་ ཟར་ན་ལ་ང་ང་ག་རང་ལ་བད་མ་མ་གཟན་མ་ ཎ་བང་མཁན་ཚང་མ་གཅག་ར་ས་ནས་བད་ ཡད། ད་ང་ཡང་ཤ་ས་ག་གམ་འས་པའ་ ན་་ཚང་མ་ག་མ་མ་་ཁ་འཆམ་པ་ར་ག་་ གཅག་་ལ་དགས། ༌༌༌༌༌༌༌༌༌༌༸པཎ་ཆན་་ང་བ་པ་མཆག་གས། འཛམ་ིང་ཞི་བདེའི་ད་ིད་ཆེན་པོ། བད་ག་ལ་མ།

Upload: yeshi-samten

Post on 06-Mar-2016

236 views

Category:

Documents


9 download

DESCRIPTION

read carefully

TRANSCRIPT

Page 1: news of june

-1-Bod-Dhon-Ling-Tik

སྤྱིའི་འདོན་ཐེངས་ལྔ་པ། ཟླ་ཕྲེང་ཚགས་པར། ཕྱི་ལོ་ ༢༠༡༡ ཟླ་བ་ ༦ པའི་ཚེས་ ༡། གསར་རིན་སྒོར། 5Rs

བོད་དོན་གླེང་སྟེགས།BOD-DHON-LING-TIK

ལེགས་བཤད།

ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༣ ཉིན་རི་བོ་རྡ་རམ་ས་ལར་ཚ་བ་ཅུང་ཆེ་ཞིང་། གུས་པོའ་ིའདུག་ཤག་གཡས་གཡོན་དུ་གད་སྙིགས་བསྲེགས་པའི་དྲི་ངན་གང་སར་མཆེད་བཞིན་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མདོ་སྨད་རྔ་བའི་ཡུལ་དུ་རྒྱ་གཞུང་གིས་གཉའ་གནོན་དང་རྡུང་གཅོག་གསོད་འཕྲོག་བྱེད་བཞིན་པའི་གནས་ཚུལ་རྒྱང་སྒྲོག་བྱེད་ཀྱི་འདུག ངས་གློག་ཀླད་ཀྱི་ཁ་ཕྱེས་ནས་QQདྲ་འབྲེལ་གླེང་མོལ་ལས་བོད་ནང་གི་ངོ་ཤེས་དག་ལ་འབྲེལ་བ་བྱེད་འདོད་ཞུས་པ་ཡིན། “ཏུས ཏུས ཏུས” ང་ལ་QQནང་དུ་སྔ་ས་ནས་ངོ་ཤེས་ཤིག་གིས་སྐད་ཅིག་བཞག་འདུག “རྔ་བར་ན་ཙིའི་དཔུང་ཆེན་སླེབས་འདུག ཁྱོད་ཚོས་ཅི་བྱེད་ཀྱི་ཡོད།” ངས་ཚིག་དུམ་གཉིས་ཅན་གྱི་འཕྲིན་ཡིག་འདི་ལ་ཡང་ཡང་བལྟས་ཤིང་། ཚིག་དུམ་འདི་གཉིས་ཡང་ཡང་བཟླས་པ་ཡིན། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་ཚོགས་ཆུང་གིས་བོད་རྔ་བའི་ཐད་གླེང་སློང་ཅི་བྱས་དང་། ཨ་རི་དང་ཡུ་རོབ་སོགས་ནས་རང་རེའི་རྒྱབ་དཔུང་དུ་སྤྲོས་པའི་གནས་ཚུལ་རིང་པོ་ཞིག་བྲིས་ཚར་སོང་། གནས་ཚུལ་འདི་དག་ཁོ་ལ་གཏོང་དགོས་པ་ཡིན་ནམ། ང་ལ་བློ་དོགས་སྐྱེས་ཤིང་། ངས་ཁོ་ཚོའི་ཟུངས་ཁྲག་གིས་སྒྲོན་བཞིན་པའི་དཔལ་འབར་གྱི་མེ་ལྕེ་ལ་བསམ་བློ་བཏང་སྟེ་སྐྱི་གཡའ་བའི་ཚོར་བ་ཞིག་སླེབས་སོང་། ང་ནི་མི་སྙིང་ཆུང་ཞིག་ཡིན་པས་གཞིས་བཞུགས་པར་ངར་ཤུགས་སློང་བྱེད་ཀྱི་སྨན་འདི་ཡོངས་སུ་གསུབ་ནས་“དགོངས་པ་མ་ཚོམས་”ཞེས་བྲིས་ཏེ་བཏང་བ་ཡིན། རྡ་རམ་ས་ལར་མི་མང་གི ་སྐད་འབོད་བསྟུད་མར་གྲགས་ཤིང་། ཡ་ང་བའི་རྔ་ཡུལ་གྱི་གནས་སྟངས་ནི་ཇེ་སྡུག་ནས་ཇེ་སྡུག་ཡིན་པའི་གནས་ཚུལ་ཐོན་གྱི་འདུག ཞུམ་པ་མེད་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དང་། བགྲེས་སོང་ཕོ་མོ་གཉིས་ཀྱི་ཚེ་སྲོག་འཕྲོག་པའི་གནས་ཚུལ་སོགས། བསམ་པ་ཙམ་གྱིས་ཞེ་སྡང་དང་ཁོང་ཁྲོ། འཇིགས་སྣང་སོགས་རིམ་པར་སླེབས། མིའི་ཚེ་སྲོག་ནི་རྩ་ཆེན་ཞིག་ཡིན་པ་ཤེས་བཞིན་དུ་རྒྱ་དམག་གི་སྨྱོ་ཧམ་དང་གཏུམ་སྤྱོད་བོད་མིའི་ཚེ་སྲོག་གི་སྟེང་དུ་རྟ་རྒོད་སྤང་ལ་ཤོར་བ་བཞིན་སླེབས་ཤིང་། རྒྱ་དམག་འདི་དག་ལ་ཚེ་སྲོག་གི་རྩིས་ཐང་དང་མིའི་ཀུན་སྤྱོད་ཀྱི་ངེས་ཤེས་ཡེ་ནས་སྟོང་བ་འདི་ཅི་ཞིག་མ་འགྲིག་པ་ཡིན་ནམ།ངའི་མིག་ལམ་དུ་མདོག་ལྗང་སེར་ཅན་གྱི་ལྭ་བ་གྱོན་ཞིང་། བོད་མི་རྣམས་ཀྱིས་མཐོང་ཡང་མ་མྱོང་བའི་དྲག་ཆས་གོ་མཚོན་ཐོགས་པའི་འཇིགས་སྐུལ་བ་མང་པོ་ལོ་མང་རིང་ཞི་བདེ་བག་ཕེབས་ཀྱིས་འཚོ་བ་རོལ་བའི་རྔ་བའི་མི་མང་གི་ཕྱོགས་སུ་སླེབས་ཤིང་། རྔ་བ་སྟོད་སྨད་བར་གསུམ་དུ་ཅི་ཞིག་ཟ་རྒྱུ་ཡོད་མེད་དང་། ཅི་ཞིག་འཐུང་རྒྱུ་ཡོད་མེད་ལ་ཧམ་སེམས་ཀྱིས་ཞིབ་ལྟ་བྱས། གློ་བུར་དུ་མེ་མདའི་སྐད་ཀྱིས་རྔ་ཡུལ་ཡོངས་སུ་ཁེངས་ཤིང་། སེམས་ཀྱི་དག་ཞིང་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཆེན་མོ་ཞིག་མེ་ལྕེ་ཁྲོད་དུ་ཡལ་བར་གྱུར། དགེ་འདུན་པ་ཉིས་སྟོང་ལྷག་གི་སློབ་སྦྱོང་བྱེད་ས་འདི་གཏོར་བཤིག་མཁན་གྱི་ལག་འོག་ནས་རིམ་པར་ཡལ་རྗེས། ལོ་རྒྱུས་ཡིག་ཚགས་ཁྲོད་ཀྱི་ལྷ་སྟེང་དགོན་གྱི་མིང་བྱང་འདི་ལས་ལྷག་མེད་དུ་གྱུར། བཙན་པོའ་ིདམག་དཔུང་གི་ཁྲོད་དུ་མཛད་རྗེས་ཆེ་ཞིང་བློ་སྟོབས་ལྡན་ལ་ཕྱི་བཤོལ་མེད་པའི་རྩེ་རྣོ་བའི་མདུང་རིང་དང་། དངོ་མི་ཐོགས་པའི་རལ་གྲི་འཆང་མཁན་གྱི་དཔའ་

དགོངས་སེལ་ཞིག ---- བོད་རྔ་བར་སེམས་གཏད་པ།-----རས་པ།

རྩོམ་ཡིག་འདི་ནི་བོད་རྔ་བའི་ཡུལ་མི་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཆེད་ཕུལ་བ་ལགས།

བོ་མང་པོ་ནང་པའི་ཆོས་ཀྱིས་བྱམས་སེམས་ཅན་གྱི་མི་རྒྱུད་དུ་བསྐྲུན་ཞིང་། བརྩེ་སེམས་ཀྱིས་ཁེངས་ཏེ་འཇིག་རྟེན་ཁམས་གཅེས་པར་སྐྱོང་བའི་དུས་སུ་བར་མེད་དུ་གྲགས་པའི་མེ་མདའི་སྐད་སྒྲའི་ངོགས་སུ་འཐིམས། ཤུལ་དུ་ལུས་པ་ནི་ཕ་མེད་མ་མེད་ཀྱི་བྱམས་སེམས་ཅན་གྱི་མི་རྒྱུད་ཁག་ཅིག་ཡིན། རི་དྭགས་རྔོན་པའི་ཚོར་བ་ཙམ་ལས་མེད་པའི་དམག་ལྭ་ལྗང་སེར་ཅན་གྱི་འཇིགས་སྐུལ་བ་དག་དགོད་སྒྲའི་ཁྲོད་ཕྱིར་ཐོན་བྱས་ཤིང་། འཁྱེར་འདོད་པ་ཆ་ཚང་འཁྱེར་ནས་ཕྱིན་སོང་། དེ་དུས་ཕྱི་ལོ་ ༡༩༣༥ རེད། བྱམས་སེམས་ཅན་གྱི་མི་རྒྱུད་ཀྱིས་བསླབས་པ་ནི་བྱམས་སེམས་གཅིག་བུ་ག་ལ་ཡིན། ལས་དབང་དང་། རྒྱུ་འབྲས། བཟོད་པ། ཀུན་ཁྱབ་སེམས་འཁུར་ལྡན་པའི་རིག་གནས་ཅི་འདྲའི་མང་པོ་ཞིག་ཁོ་ཚོས་རྟོགས་ཏེ་ཉམས་ལེན་བྱེད་བཞིན་འདུག་ཨང་། རྔ་བའི་མི་མང་གིས་རང་གི་རིག་གནས་ཉམས་ལེན་དང་མདུན་བསྐྱོད་ཀྱི་གོམ་པ་མཚམས་འཇོག་བྱས་མྱོང་མེད་པ་དང་། ཤུལ་ལུས་སྐྱ་སེར་གཉིས་ཀྱིས་རང་འགན་ཕྲག་ཏུ་བླངས་ཏེ་གཟི་བརྗིད་ལྡན་པའི་དགོན་པ་གསར་བཞེངས་ཀྱིས་སེམས་ཀྱི་དག་ཞིང་ལོངས་སུ་སྤྱོད་པའི་རྣམ་པ་ཕུན་སུམ་ཚོགས་པར་བསྐྲུན་སྟེ་ཞི་བདེ་བག་ཕེབས་ཀྱི་འཚོ་བར་འབད་བརྩོན་བྱས། འོན་ཀྱང་། འཇིགས་སྐུལ་བ་སླར་ཡང་སླེབས་ཤིང་། དབང་བསྒྱུར་དང་བཙན་འཛུལ་གྱི་འདོད་པ་སྔར་ལས་ཆེ་བ་བྱུང་། “ས་རྒྱལ་ཁབ་ཀྱི་ཡིན་། ཆུ་རྒྱལ་ཁབ་ཀྱི་ཡིན་”ཟེར་བའི་བཤད་ཡམས་ཤིག་བསྒྲགས་ཤིང་། བོད་མི་རྣམས་ལ་རྒྱལ་ཁབ་སུ་ཡིན་ནམ་སྙམ་པའི་དྲི་བ་འཁོར་ཡོད་ངེས། ཡ་མཚན་པ་ཞིག་ལ་རྒྱལ་ཁབ་དེ་ནི་ངོ་གདོང་སྐྱ་བེར་བེར་གྱི་གཟུགས་པོ་ཐུང་ཞིང་། ཁྱིའི་སྣ་དང་འདྲ་བོ་ཡོད་པའི་རྒྱ་མི་བཙན་འཛུལ་བ་ཚོ་ཡིན། དེ་ནས་བཟུང་རྔ་ཁོག་གིས་མཚོན་པའི་བོད་ཡུལ་ཡོངས་སུ་ཁྲག་རྒྱུན་ཆད་པའི་དུས་ཚོད་ཡལ་མྱོང་མེད་ཅིང་། ཁྲག་འདོན་པར་དགའ་བའི་བཙན་འཛུལ་བའི་འགྲམ་པར་དམར་གོར་གོར་ཀྱི་སྐྱིད་མདོག་ཤར་ཏེ་“མི་ཡིས་རང་དོན་མ་བསྒྲུབས་ན།། གནམ་སའི་དབར་དུ་གནས་ཐབས་མེད།།” ཟེར་བའི་རྒྱ་མིའི་གཏམ་དཔེ་དེ་ཁོ་ཚོས་ལྐོག་ཏུ་ཡང་ཡང་བསྐྱོར་གྱིན་ཡོད། རྒྱ་མི་ལས་གཞན་གྱིས་མི་ཐོས་སར་་་་་་་་་འཇིགས་སྐུལ་དང་གཉའ་གནོན། རྡུང་གཅོག་གསོད་འཕྲོག་གི་མནར་གཅོད་འོག་ནས་ལོ་ངོ་བདུན་ཅུ་དོན་གསུམ་འདས་པའི་ཕྱི་ལོ་ ༢༠༠༨ ལོར་རྔ་བའི་མི་མང་གིས་སྙིང་རྗེའི་མཚོན་དོན་གྱི་གཟུངས་སྔགས་ཡི་གེ་དྲུག་མ་བཟླས་ཤིང་། བདག་གཞན་མཉམ་བརྗེ་ཡི་ཆོས་ཀྱི་དགོངས་དོན་རྒྱ་དམར་འཇིགས་སྐུལ་བར་སློབ་ཁྲིད་བྱས། “ཐག ཐག ཐག”སྐྱབས་ཡུལ་དགེ་འདུན་པ་གཅིག་དང་། སློབ་གྲྭར་འགྲོ་བའི་བུ་མོ་ཞིག་ས་རུ་འགྱེལ། ད་དུང་དེ་ལས་ཀྱང་མང་པོ་རླངས་པ་ཐུ་ལུ་ལུའི་ཟུངས་ཁྲག་ནང་དུ་བསྙལ་སོང་། ང་ཚོའི་དྲན་ཡུལ་དུ་སྙན་ཚིག་ཅིག་འཁོར། སྙན་ཚིག་དེ་ནི་མི་ཤི་རྟ་འགྱེལ་ལ་ཞེ་སུན་བྱུང་བའི་རི་བོ་དགེ་ལུགས་པའི་སྙན་ངག་སྨྲ་བ་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པ་ལགས་ཀྱི་“འཛིན་མ་རུས་པའི་གོས་དཀར་ནི།། བར་བར་ཁྲག་གི་ལྟིང་ཀ་འཁྱིལ།། ལ་ལར་ཁྲག་རྒྱུན་དྲོན་མོ་འབབས།། ”ཞེས་པ་འདི་ཡིན། སྙན་ཚིག་རྐང་བ་གསུམ་པོ་འདི་ཡིས་རྔ་ཡུལ་གྱི་རྣམ་པ་ཡོངས་སུ་མཚོན་པར་བྱས་ཤིང་། ང་ལ་འདི་ལས་ཀྱང་ཁ་གསལ་ལ་ཚིག་ཉུང་བའི་བརྗོད་པ་ཅི་ཡང་མ་བྱུང་། དྲག་སྤྱོད་

གཞུང་གི་ཀླ་ཀློའ་ིརུ་དཔུང་སྔར་ལས་ཀྱང་སྣོན་པ་བྱས་ཤིང་། བྱམས་སེམས་ཅན་གྱི་མི་རྒྱུད་རྣམས་འུ་ཐུག་པ་བཟོས་སོང་། བཟོད་བསྲན་ཆེ་ལ་བློ་སྤོབས་ཉམས་པ་མེད་པའི་བདེན་དོན་གྱི་མགོ་བོ་ཡར་ལ་བཀྱགས་ཤིང་། ཚེ་སྲོག་གིས་བདེན་དོན་གྱི་ལ་རྒྱ་རྩོད་པའི་བོད་ཕྲུག་གཞོན་ནུ་ཞིག་གིས་རང་སྲོག་དོར། “བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་མི་རྣམས་ཀྱིས་ཀྱང་རང་དབང་གི་འཚོ་བ་རོལ་ཆོག་དགོས། བོད་མི་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་དད་མོས་བྱེད་སར་གུས་བཀུར་བྱེད་པའི་རང་དབང་དགོས། ང་ཚོ་ལ་རང་ཉིད་ཀྱི་བདག་དབང་དགོས། ”ཞོགས་པའི་ཉི་ཟེར་གྱི་དྭངས་གཙང་དང་འགྲོགས་པའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་གིས་མངོན་འདོད་མང་དག་ཅིག་མནབས་ནས་ཀིརྟི་དགོན་པའི་ཕྱོགས་སུ་སླེབས་ཤིང་། ཁོང་གི་ཆོས་ཀྱི་གྲོགས་པོ་རྣམས་དང་། ཡུལ་མི་རྣམས་ཀྱིས་ཁོང་གི་མངོན་འདོད་དེ་རང་ཉིད་ཀྱི་མངོན་འདོད་ཡིན་པའི་གསལ་བསྒྲགས་བསྐྱངས། ཏང་ཀྲུང་དབྱང་ནས་སླེབས་པའི་ཁ་པར་གྱི་ཏིར་སྒྲ་རྔ་བའི་རྫོང་སྲིད་གཞུང་ནས་སིང་སིང་གྲགས་ཤིང་། དྲག་སྤྱོད་གཞུང་གི་གཏུམ་དྲག་ཅན་གྱི་ཁྱི་ཚོགས་ཤར་གྱིས་རྔ་བ་ཀིརྟི་དགོན་པའི་ཕྱོགས་སུ་སླེབས་ནས་ཐག་ཐག་ཐག་གི་མེ་མདའི་སྐད་སྒྲ་བར་མེད་དུ་བསྒྲགས་བྱུང་། ད་དུང་ཚེ་སྲོག་ཅི་ཙམ་ཞིག་རྒྱ་དམར་གྱི་དགོད་སྒྲ་དང་མཉམ་དུ་མཇུག་བསྡུས་ཡོད་ཨང་། ང་རང་རི་བོ་ཆུང་ཆུང་རྡ་རམ་ས་ལའི་སྒང་ནས་དྲན་མེད་ཚོར་མེད་དུ་ལུས་ཤིང་། གསར་ལམ་ཁག་ཏུ་ཉིན་རྒྱུན་ཛ་དྲག་གི་གནས་ཚུལ་སྤེལ་གྱིན་འདུག དྲ་རྒྱའི་གཞུང་ངོས་སུ་རྔ་བའི་མིང་བྱང་གིས་ཁེངས་ཤིང་། རྔ་བའི་རྒྱལ་གཅེས་དཔའ་བོར་བསྟོད་པའི་སྙན་ངག་གི་ཚོར་རླབས་ཐུལ་མགོ་བརྩམས། ཐེག་ཆེན་ཆོས་གླིང་དུ་རྔ་ཡུལ་དང་། བོད་ས་ཡོངས་སུ་དྲག་སྤྱོད་གཞུང་གི་མེ་མདའི་མཆུ་སྦུག་ཏུ་དྲངས་པའི་དཔའ་བོ་རྣམས་དང་། བཙོན་ལུས་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་བྱེད་ཀྱི་ཡིན་ཞིང་། ངས་ཀྱང་《སྨོན་ལམ་ཕྱོགས་བསྒྲིགས་》ཀྱི་དེབ་ཁྱེར་ནས་ཐེག་ཆེན་ཆོས་གླིང་དུ་སྨོན་ལམ་འདེབས་པར་འགྲོ་རྒྱུ་ཡིན།

རིགས་རྒྱུད་གཅིག་པའི་རྔ་བའི་མི་མང་ལགས། ངས་ནི་སྨོན་ལམ་གྱི་ཆོ་ག་འདི་གཉེར་ཏེ་རང་སེམས་སྡུག་གིས་མནན་པའི་གདོང་པ་ཕྱི་རུ་སྟོན་པ་ལས་ཅི་ཡང་མི་ནུས་པས་“དགོངས་པ་མ་ཚོམས་”ཞུ་རྒྱུ་ཡིན། བོད་ལྕགས་ཡོས་བཙན་བྱོལ་ལོ་༥༡པ་ཕྱི་ལོ་༢༠༡༡ཟླ་

༤ཚེས་༢༥དགོང་མོ།

འགན་ཁུར་གསུམ།

དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད།

གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།

གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་ གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ ཁོང་གི་འགན་ཁུར་ཡིན་པར་བཞེད།

༌༌༌༌༌༌༌༌༌༌༌༌༌༌༌༌༸གོང་ས་མཆོག་གི་དྲ་རྒྱ་ལས།

མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ཁོ་ནས་ཐག་གཅོད་དགོས་པ་ཞིག་ལས། ཤེས་པས་མཁས་པར་འགྲོ་བ་དང་། མ་ཤེས་པས་བླུན་པོར་འགྲོ་བ་ཞིག་ནི་མ་ཡིན་ན་ཡང་། འོལ་ཚོད་ཀྱིས་སྨྲས་ན་རྫུན་དུ་འགྲོ་བ་ནི་སྨྲ་མི་དགོས་ལ། ཇི་ལྟ་བ་བཞིན་ཤེས་པ་ཞིག་བྱུང་ན་ནི་ཅིས་ཀྱང་དོན་ཆེན་པོར་འགྱུར་ངེས།

---དགེ་འདུན་ཆོས་འཕེལ།

ང་ཚོ་སྟོན་པའི་བཀའ་ལ་གཙི་མཁན་ཞིག་ཡིན།འགྲོ་བ་རིགས་སེམས་ཅན་མཐའ་དག་བསམ་བློར་འཁོར་མ་ཐུབ་ན་ཡང་ཁྲག་རྒྱུད་གཅིག་པའི་ཆོལ་གསུམ་སྤུན་ཟླ་རྣམས་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་ཐབས་ལ་སྒོ་གང་ས་ནས་བསམ་བློ་གཏོང་དགོས་ངེས་རེད། གལ་སྲིད་ཆོལ་གསུམ་ཆོས་ལུགས་དང་བཅས་པར་ཕྱོགས་རིས་དབྱེ་འཁྱེར་བྱུང་ཚེ། བླ་སྤྲུལ་སྙན་གྲགས་ཅན་ཡིན་ནའང་འདྲ། དཔོན་པོ་དབང་ཤུགས་ཅན་ཡིན་ནའང་འདྲ། ཚོང་པ་འབྱོར་ལྡན་ཅན་ཡིན་ནའང་འདྲ།གང་ལྟར་སུ་ཡིན་ནའང་། དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། གང་ཡིན་ཟེར་ན་ལོ་ངོ་སྟོང་ཕྲག་རིང་ལ་བོད་མི་རྩམ་གཟན་མ་ཎི་བགྲང་མཁན་ཚང་མ་གཅིག་གྱུར་བྱས་ནས་བསྡད་ཡོད། ད་དུང་ཡང་ཤ་རུས་ཁྲག་གསུམ་འདྲེས་པའི་སྤུན་ཟླ་ཚང་མ་སྟག་མོ་མ་བུ་ཁ་འཆམ་པ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་དགོས།

༌༌༌༌༌༌༌༌༌༌༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས།

འཛམ་གླིང་ཞི་བདེའི་དབུ་ཁྲིད་ཆེན་པོ།

བོད་ཕྲུག་རྣལ་མ།

Page 2: news of june

བོད་དོན་གླེང་སྟེགས།

Bod-Dhon-Ling-Tik-2-

=༢= ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

ངའི་མེས་པོ་ཚོའི་སྤྱི་ཚོགས་ཁྲོད་ཀྱི་བོད་སྐད་ཡིག་ནི་མཆོད་བཤམས་ཀྱི་ཁྲོད་ནས་བཤམས་རྒྱུ་ཞིག་དང་ཁ་ཏོན་གྱི་དཔེ་ཆ་འདོན་བྱེད་ཅིག ད་དུང་བླ་གྲྭ་ཚོས་ནང་ཆོས་སྦྱོང་བྱེད་དང་སྒོམ་ཆེན་ཚོས་གསང་སྔགས་སྒྲུབ་བྱེད་ཁོ་ན་ཞིག་ཆགས་ཡོད། ཡིན་ནའང་། ད་ལྟའི་ན་གཞོན་ཚོའི་སྤྱི་ཚོགས་ཁྲོད་དུ། བོད་སྐད་ཡིག་ནི་མིའི་རིགས་ཀྱི་གནད་དོན་གླེང་བྱེད་ཅིག་དང༌། མིའི་རིགས་ཀྱི་འཚོ་གནས་སྒྲུབ་བྱེད་ཅིག་ཡིན། ད་དུང་བོད་སྐད་ཡིག་གིས་ངའི་མི་རིགས་འདིའི་སྐྱོ་སྡུག་གི་ལོ་རྒྱུས་ཀྱི་འཁན་འཁྲི་ཁུར་ནས་གཞིས་བྱེས་གཉིས་གཅིག་ཏུ་སྤྲེལ་དགོས། སེམས་བསམ་པའི་གཏིང་ནས་གླེང་བའི་སྙིང་གཏམ་དང་། ཤ་རུས་པའི་མཐུལ་ནས་ལངས་བའི་ན་ཟུག་དེ་དག་ཕྱི་རུ་འདོན་དགོས། ཉམས་ཐག་པའི་མི་རིགས་འདིའི་ཕྱིར་དུ། ཤོར་ཟིན་པའི་རྒྱལ་ཁབ་འདིའི་ཆེད་དུ། ད་དུང་མི་རིགས་འདིའི་ལུས་གསེང་ན་རྒྱུ་བའི་ན་ཟུག་གི་འཁུན་སྒྲ་གྲངས་མེད་དེ་ཕྱི་ལ་བསྒྲག་དགོས། ལྷག་དོན་དུ་གཏིང་ཟབ་ཅིང་རྒྱ་ཆེ་བའི་མི་ཆོས་རིག་གནས་ཀྱི་དབུ་འཕང་དགུང་དུ་བསྟོད་དགོས། མི་རིགས་འདིའི་མཛེས་དཔྱོད་ལྟ་གྲུབ་དང་རིག་གནས་སེམས་ཁམས་སོགས་བརྒྱུད་སྤྲོད་བྱེད་དགོས། མི་རབས་ནས་མི་རབས་བརྒྱུད་དེ། བོད་སྐད་ཡིག་ལ་འདི་ལྟར་འགན་འཁྲི་གྲངས་མེད་ཅིག་ཡོད། བོད་སྐད་ཡིག་ལ་འདི་ལྟར་ལས་དོན་གྲངས་མེད་ཅིག་ཡོད།

ངའི་བོད་སྐད་ཡིག

མཐར་དེད་ན་འདི་ཡོད་ཚད་ང་ཚོས་བསྒྲུབ་དགོས། འདི་ཡོད་ཚད་སྒྲུབ་བྱེད་ཀྱི་ལག་ཆ་གཙོ་བོ་ནི་བོད་སྐད་ཡིག་ཡིན་པས་ང་ཚོར་བོད་སྐད་ཡིག་མེད་སོང་ན་ཡོད་ཚད་མཇུག་རྫོགས་སོང་བ་མ་ཡིན་ནམ། གྲོགས་པོ་ལགས། ད་ལྟའི་བོད་སྐད་ཡིག་ནི་ཁྱེད་ཀྱི་འཚོ་བའི་ནང་གི་ལྷུ་ལག་ཅིག་ཡིན། ད་ལྟའི་བོད་སྐད་ཡིག་ནི་ཁྱེད་ཀྱི་འཇིག་རྟེན་ནང་གི་ལམ་ཡིག་ཅིག་ཡིན། བོད་སྐད་ཡིག་ནི་བོད་མི་རིགས་འདིའི་ལྕེ་ལྟ་བུ་ཡིན་པས།ངས་ནམ་ཡང་བོད་མི་རིགས་འདི་ལྐུགས་པར་མི་འགྲོ་བའི་སྨོན་འདུན་ཞུ་བཞིན་ཡོད། གླེན་པར་མི་འགྲོ་བའི་སྨོན་ལམ་འདེབས་ཀྱིན་ཡོད། སྨོན་ལམ་འདི་རེ་འདུན་ཞིག་ཡིན། དྲན་གདུང་གིས་མནར་བའི་སྐྱབས་བཅོལ་གྱི་ལོ་ཟླའི་ཁྲོད་ནས་མིག་ཆུས་བསླངས་པའི་རེ་འདུན་ཞིག་ཡིན། སེམས་བསམ་པའི་གཏིང་ན་རེ་བའི་འདུན་པ་ཞིག་ཡིན། རེ་འདུན་དེ་མངོན་གྱུར་ཡོང་ཆེད་བོད་མི་རེ་རེ་ལ་བོད་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཆེན་པོ་ཡོད། བོད་སྐད་ཡིག་དར་སྤེལ་བྱ་རྒྱུའི་ལས་འགན་མང་པོ་ཡོད།འདི་ནི་བོད་མི་སྒེར་པ་ཞིག་གིས་རང་གི་རྒྱལ་ཁབ་སླར་གསོའ་ིཆེད་བསྒྲུབ་དགོས་པའི་ལས་དོན་རླབས་ཆེན་ཞིག་ཡིན།

— འབྲོག་རུ་ཆོས་གྲགས། 《རྡ་ས།》

ངས་ཐེའུ་རང་དྲན་གི ཨ་འདུས་མིག་ཆུ། 《ས་རཱ》

༡ ཕ་ཡུལ་གྱི་རྩྭ་ཐང་རང་རིགས་ཀྱི་དུར་ས་རུ་བསྐྲུན་དུས། ཕ་ཡུལ་གྱི་མཚོ་མོ་མཚལ་ཁྲག་གིས་དམར་པོ་རུ་བསྒྱུར་དུས། ཕ་ཡུལ། རོ་གཟན་རྒོད་པོ་ཁྱུ་གཅིག་གིས་གནམ་འཕང་གཅོད་ས་དང་། ཁྲག་འཐུང་སྦྱང་མོ་འབའ་ཞིག་གིས་འདུར་རྒྱུག་བྱེད་ས་ཞིག་ཏུ་གྱུར་དུས། ངའི་ཕ་ས་ཕ་ཡུལ། དམར་སྲུང་དམག་ལི་འགའ་ཞིག་གིས་ཨག་རིང་འཐེན་ས་རུ་གྱུར་ཞིང་། རྒྱ་མོ་རྐང་ཐོ་རེ་གཉིས་ཀྱིས་སྒེག་ཉམས་ངོམ་ས་ཞིག་ཏུ་གྱུར་དུས། བལྟས་བལྟས་རིག་རིག་ལ། སྙིང་སྟོབས་ཀྱི་གོ་ཆ་སྲ་མོ་ཞིག་བགོས་ཤིང་། སྙུ་གུའི་རལ་གྲི་རྣོ་དབལ་ཞིག་བཏེགས་ནས། བསད་བསད་གཏུབ་གཏུབ་ཀྱི་ཁྲག་དམར་གླེགས་བམ་ཆེན་པོ་ཞིག་གི་ལྟེབ་ཁུག་ན་བླུགས་ནས། སྟག་ཤ་ར་ཞིག་གིས་ཀི་རིང་ཞིག་འདེབས་བཞིན་ཤོར་འོང་བའི་བདག་གི་ནུ་བོ་སྟེ། ཐེའུ་རང་ཞེས་པའི་གསར་རུ་ལོ་ཆུང་དེ་དྲན་བྱུང་། ༢མ་ཡུལ་རི་ལུང་གི་ཤིང་ནགས་བྲེགས་ནས་གྲྭ་བཙུན་དག་གི་མགོ་བོ་ལྟ་བུ་ཞིག་ཏུ་བསྐྲུན་ཞིང་། མ་ཡུལ་སྤང་གཤོང་གི་གཏེར་ཁ་བསྔོགས་ནས་སློག་པ་ཐེད་པོ་འདྲ་བ་ཞིག་ཏུ་བསྐྲུན་དུས། མ་ཡུལ། དུག་སྦྲུལ་ནག་རིང་ཞིག་དང་འདྲ་བའི་མེ་འཁོར་རྒྱུ་ས་ཞིག་ཏུ་གྱུར་ཞིང་། སྐྱག་འབུ་སྦྲང་ནག་ཞིག་དང་མཚུངས་པའི་རླངས་འཁོར་རྡོག་རྡོག་པོ་དེ་དག་འཚུབ་ལོང་རྒོད་ས་ཞིག་ཏུ་གྱུར་དུས། ངའི་མ་ས་མ་ཡུལ། རྒྱ་རྒན་ལབ་གྱལ་འགའ་ཞིག་གིས་དུད་ཆང་རོལ་ས་ཞིག་དང་། རྒྱ་མོ་ཡུགས་ས་མ་ཁྱུ་ཞིག་གིས་གཞང་བཙོང་གི་གཡའ་ཆུ་བཞུར་ས་རུ་གྱུར་དུས། ཤེས་ཤེས་གོ་གོར། བསམ་གཞིགས་ཀྱི་གྲི་རིང་ཐོགས་ཤིང་། ལ་རྒྱ་ཡི་ཐོ་བ་འཁྱེར་ནས། ལྐོག་ལྐོག་སུད་སུད་ཀྱིས་རང་རིགས་ཀྱི་ཤ་ཚིལ་ཟ་བའི་མི་ངན་དག་གི་ངོ་གདོང་བཤོས་ནས། སྐྲ་ལོ་གཡག་རྔ་འདྲ་བོ་འཕྲག་ལ་གློད་ནས་འགྱིང་འོང་བའི་བདག་གི་ནུ་བོ་སྟེ། ཐེའུ་རང་ཟེར་བའི་ན་གཞོན་བུ་རྒོད་དེ་དྲན་བྱུང་། ༣འོད་དཀར་དྲ་ཚིགས་ཀྱི་རྒྱང་འབོད་ལེ་ཚན་ལས་བསྐྱུར་ཞིང་། རྩོམ་པོའ་ིམཐུན་ཚོགས་ཀྱི་མིག་ཟུར་ལས་མ་འོང་བའི་《ཁྲག་ཡིག་》དམར་པོའ་ིབདག་པོ་སྟེ། མི་ཆེན་དཔོན་ཆེན་གྱིས་རྣ་བར་མ་བཞག་ཀྱང་། བླ་ཆེན་དགེ་བཤེས་ཚོས་ཐུགས་དགོངས་ལ་མ་ཤར་བའི་ཐེའུ་རང་སྟེ།ནུབ་བྱང་ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན། བོད་མིའི་སྡུག་བསྔལ་ཧར་གྱིས་སྒྲོག་མཁན་གྱི་དུང་སྒྲ་རིང་མོ། བཙོན་ཁང་ནང་གི་སྐར་མ་འོད་ཆེན། བདག་གིས་དྲན་བྱུང་། དྲན་གདུང་གི་སེམས་པར་བཞད་པའི་སྙིང་གི་ཚི་ལུ། ཐེའུ་རང་ཧ་ཅང་དྲན་གི ༤ བཙན་བྱོལ་རྩོམ་པ་པོའ ་ིངག་སྒོ་ན་མ་ཐོན་ཞིང་། བོད་སྐྱོབ་རེ་འབོད་པ་དག་གིས་བསྐྱབ་ཡུལ་དུ་མ་གྱུར་བའི་ན་གཞོན་ཏེ། སྨྲ་ལྕེ་བདེན་པ་ལ་བཅོལ་ཞིང་། རང་རིགས་ཚེ་སྲོག་གིས་སྐྱོབས་པའི་དཔའ་བོ། རྒྱ་མོ་སྨིན་ལེགས་མའི་ཟུར་མིག་ལ་མ་ཆགས་ཤིང་། མོའ་ོཙེ་ཏུང་གི་མགོ་བོའ་ིབམ་ཁས་མ་ཁུགས་པའི་སྒལ་ཚུགས་དྲང་མོ། ལྕགས་ནག་འདོམ་པ་བཅོ་བརྒྱད་ཀྱི་དམ་པོར་བཅིངས་པའི་སྟག་རྒོད་ངར་མ། ཐེའུ་རང་དྲན་བྱུང་། ཉིན་མཚན་མེད་པར་དྲན་བྱུང་།

གཅིག རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་བསམ་ཞིང་གཏམས་པར་བྱས་ན། སེམས་སྐྱོ་སྐྱོ་བར་དུ་བསམ་རྒྱུ་ཡོད་ལ། ཁ་ན་ན་བར་དུ་འཆད་རྒྱུ་ཡོད། དེ་ནི་ང་བསམ་མཁས་པས་མ་ཡིན་ལ། ང་བཤད་མཁས་པས་དེ་བས་ཀྱང་མིན། གང་ཟག་སུ་ཞིག་ཡིན་ཡང་ལྷན་སྐྱེས་ཀྱི་རང་དབང་དང་ལྷན་སྐྱེས་ཀྱི་ཐོབ་ཐང་

རྨི་ལམ་རྨིས་པ།བསྟན་འཛིན་ཆོས་འཕེལ། 《ས་རཱ》

ཡོད་པ་ནི་ འགྲོ་མིའི་རིགས་གཙོ་བྱས་པའི་སྲོག་ལྡན་གྱི་རིགས་ཐམས་ཅད་གཅིག་མཚུངས་རེད། དེ་ལྟ་བུའི་ཆོས་ཉིད་འདི་ནི་སྲིད་པ་རྒན་པོའ་ིགཤིས་ལུགས་སུ་འཁུམས་པས་དེ་དང་འགལ་ན་ད་གཟོད་ཀླ་ཀློ་དུ་བགྲང་ཆོག་པ་ཡིན། གཉུག་མའི་ལོ་རྒྱུས་དང་གདོད་མའི་བྱུང་བ་ལ་ཕྱི་མིག་བལྟས་ན་ད་གཟོད་ཀླ་ཀློའ་ིབྱེད་བབ་གཅིག་གཅིག་གཉིས་གཉིས་ཀྱི་མིག་ལམ་དང་ཡིད་ངོ་ཚང་མར་ཁྲ་ལྷམ་མེར་འཆར་འོང། དེ་ལྟར་འཆར་བའི་གནད་དོན་རེ་རེ་ནི་ཀླ་ཀློའ་ིབྱེད་བབ་དངོས་མ་རེ་རེ་ཡིན་པས་ ཞིབ་དཔྱོད་ཀྱིས་འཇུག་ཅིང་ཉམས་སུ་སྦྱར་ཏེ་གཏན་དུ་བརྗེད་རྒྱུ་མེད་པར་བཟོ་དགོས། དེ་ནི་བོད་པའི་མིང་གིས་གོས་པའི་སེམས་ཅན་ཐམས་ཅད་ཀྱི་བགོ་སྐལ་ཡིན་ལ་འོས་འགན་ཡིན་པ་མ་ཟད་གདམས་ང་མེད་པའི་འོས་འགན་ཡིན།

གཉིས། མདང་ནུབ་ངའི་རྨི་ལམ་ནང་དུ་རང་དབང་ལྷ་མོ་ངའི་འདུན་དུ་ཕེབས་ཏེ་༼ཁྱོད་ཀྱིས་དཀའ་ངལ་ རྣམས་ཆད་ལྷག་མེད་པར་ཤོད༽ཅེས་གསུང་བྱོན་པར་གྱུར། ངས༼ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ང་ལ་རང་དབང་མེད། ང་བོད་ཡིན་པའི་རྒྱུ་མཚན་གྱིས་ང་ལ་ཐོབ་ཐང་མེད། ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ང་ལ་རྒྱལ་ཁབ་མེད་། ང་བོད་ཡིན་པའི་རྒྱུ་མཚན་གྱིས་ངས་གཞན་ངོ་སྲུང་དགོས། ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ང་ལ་སྨྲ་བརྗོད་རང་དབང་མེད། ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་གྱིས་ང་ལ་མཐོང་ཆུང་བྱེད་ཀྱི་འདུག ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་གྱིས་ང་མི་གྲལ་དུ་རྩིས་ཀྱི་མི་འདུག ང་བོད་ཡིན་པའི་རྒྱུ་མཚན་གྱིས་ངའི་སྲོག་ལ་གཞན་གྱིས་སྲོག་གི་རིན་ཐང་བྱིན་གྱི་མི་འདུག ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ཁྱི་མཞིན་དུ་འཁྱམ་དགོས་ཀྱི་འདུག ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་གྱིས་ང་ལ་་་་་་་་་་་་་༽ཞེས་ངས་ཁ་ན་ན་དང་མིག་ཆུ་འཛར་འཛར་གྱིས་འཆད་བཞིན་པའི་མཚམས་དེར་རང་དབང་ལྷ་མོ་སུན་ཡོད་པ་འདྲ། མོས༼ད་འགྲིག་སོང་། ཁྱོད་ཚོ་བོད་པར་ཐུག་ཀྱང་འདི་འདྲ་རྐྱང་རྐྱང་རེད། ཁྱོད་ངོ་མ་དེ་འདྲ་སྡུག་ལ་ཐུག་ཡོད་ན་ཁྱོད་ཅིའི་ཕྱིར་འདི་འདྲ་ཉལ་ནས་སྡོད་ཀྱི་ཡོད༽ཅེས་ངའི་འགྲམ་པར་འགྲམ་ལྕགས་ཚ་ཐག་ཆོད་ཅིག་གཞུས་ཏེ་གཉིད་ལས་བསླངས། དེ་དུས་ཕལ་ཆེར་མཚན་གྱི་ཆུ་ཚོད་༡༡ཙམ་ཡིན་ས་རེད། ངའི་

གཡས་གཡོན་གྱི་ཤག་མཚེ་ཚང་མ་ལྷིང་འཇག་གེར་རེད་ལ། ལ་ལས་རྔུར་པའང་གསལ་ལ་མི་གསལ་བ་ཞིག་འཐེན་གྱི་འདུག ངས་རྨི་ལམ་ལ་རྨི་ལམ་རང་དུ་ བསམས་ནས་སླར་ཡང་ཉལ་བ་ཡིན།

གསུམ། དེ་ནས་ཕལ་ཆེར་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་སླར་ཡང་ངའི་རྨི་ལམ་དུ་སྙན་ངག་ལྷ་མོ་ ཕེབས་བྱུང། མོས༼ཁྱོད་ལ་དཀའ་ངལ་གང་ཡོད་དེ་རིང་སྙན་ངག་གི་ལམ་ནས་གྱེར་ན་འགྲིག་གི་རེད་དམ༽ ཅེས་གསུངས། ཡང་ངས་༼ང་བོད་པའི་གངས་རི་ཡིན་པའི་རྒྱུ་མཚན་གྱིས་དཀར་པོ་བྱས་ནས་བསྡད་ས་མི་ འདུག ང་བོད་པའི་ཁ་བ་ཡིན་པའི་རྒྱུ་མཚན་གྱིས་དཀར་པོ་བྱས་ཏེ་འབབ་ས་མི་འདུག ང་བོད་པའི་སྤངས་ལྗོངས་ཡིན་པའི་རྒྱུ་མཚན་གྱིས་ལྗང་མདོག་བྱས་ཏེ་འཚར་ས་མི་འདུག ང་བོད་པའི་ཆུ་གཙང་ཆབ་ཡིན་པའི་རྒྱུ་མཚན་གྱིས་དྭངས་མ་བྱས་ནས་བཞུར་ས་མི་འདུག ང་བོད་པའི་ནགས་ཚལ་ཡིན་པའི་རྒྱུ་མཚན་གྱིས་གཡུ་ལོ་རྒྱས་དེ་མཚར་ས་མི་འདུག ང་བོད་པའི་གཡག་རོག་ཡིན་པའི་རྒྱུ་མཚན་གྱིས་རྩ་་ལྡུམ་ལྗང་ཁུ་ཟ་ས་མི་འདུག ང་བོད་པའི་ཁྲུང་ཁྲུང་ཡིན་པའི་རྒྱུ་མཚན་གྱིས་གནམ་མཐོན་པོར་འཕུར་ས་མི་འདུག ང་བོད་པའི་ཆར་པ་ཡིན་པའི་རྒྱུ་མཚན་གྱིས་དུས་ཐོག་ཏུ་་་་་་་་་༽ཞེས་ངས་རྫོགས་རྒྱུ་མེད་པར་གྱེར་དེ་མཚམས་འདིར་སླེབ་དུས་སྙན་ངག་ལྷ་མོས་སུན་སྣང་ཆེན་པོས༼ད་འགྲིག་ཐག་ཆོད་སོང། ཁྱོད་མ་དཀའ་ནའང་ང་དཀའ་ཡི་འདུག གྱེར་ནས་རྫོགས་རྒྱུ་ཁྱོན་ནས་མི་འདུག ཁྱོད་ཚོ་བོད་པ་ཚོས་རྟག་པར་འདི་འདྲ་གྱེར་གྱེར་ནས་བསྡད་པ་ལས་གཞན་ཅི་ཡང་ཤེས་ཀྱི་མི་འདུག༽ཅེས་བཀའ་བཀྱོན་ཕེབས། ངས་ཅུང་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་བཞིན་༼ད་ཁྱེད་ཀྱིས་ཀྱང་ང་ཚོར་མཐོང་ཆུང་བྱེད་ཀྱི་འདུག ང་ཚོ་བོད་རྣམས་དེ་འདྲ་རྐྱང་རྐྱང་མིན།༽ཞེས་ངས་རང་ནུས་གང་ཡོད་ཀྱིས་རྩོད་པ་བྱས། སྐབས་དེར་མོས་༼ཁྱོད་ཚོ་དེ་འདྲ་རྐྱང་རྐྱང་ཡིན་ས་མ་རེད། སེམས་ཤུགས་ཆེ་མདོག་བྱེད་མཁན་ཁྱོད་རང་གིས་ཁྱོད་རང་ལ་ལྟོས་དང། ཉི་མ་འཕོངས་མགོར་ཤར་ནས་ཡོང་གི་འདུག་ཁྱོད་ད་དུང་ཉལ་ནས་སྡོད༽ཅེས་ཤེལ་གྱི་བུམ་པ་སྙིང་དུ་སྡུག་པ་ཞིག་ལས་ཆུ་ཕྲན་བུ་བསྟོར་ཏེ་ཡལ་སོང། དེ་མ་ཐག་ངའང་སད། ངས་སྔས་མགོར་ཡོད་པའི་ཆུ་ཚོད་

ལ་ལྟ་སྐབས། ཆུ་ཚོད་བརྒྱད་པ་ཟིན་པར་སྐར་མ་ལྔ་ལས་མི་འདུག ། མྱུར་དུ་ལངས་ཏེ་ཁྲུས་བཤལ་ཡང་མ་བྱས་པར་འཛིན་གྲྭར་ཕྱིན་པ་ཡིན།

ང་རང་ཚོའི་བཟང་སྤྱོད་གྱི་གནས་ཚུལ་དེའི་ཐོག་ནས་མང་ཚོགས་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་མཐུན་པའི་མིག་དཔེ་བསྟན་ཐུབ་པ་ཞིག་ངེས་པར་དུ་ཡོང་བའི་རེ་བ་ཞུ་གི་ཡོད། རེ་བ་ཙམ་མ་ཟད་ཡིད་ཆེས་ཞུ་ཡི་ཡོད།

༌༌༌༌༌༌༌༌༌༌༌༌༌༌༌བཀའ་ཁྲི་ཟམ་གདོང་རིན་པོ་ཆེས།

རང་རེ་གངས་ཅན་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རིག་གནས་ཀྱི་ལོངས་སྤྱོད་ཕྱུག་པ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཀྱང་གྲགས་ལ། བདེན་ཡང་བདེན་མོད། མེས་པོ་རྣམས་ཀྱི་ཤུལ་བཞག་དངོས་རྫས་ཡོད་ཁུལ་གྱིས་རང་མཐོང་ང་རྒྱལ་གྱིས་ཉལ་བསྡད་ན་མི་འགྱངས་པར་གཞན་གྱི་གྱང་རྩ་དང་ཟས་ལྷག་ལ་བརྟེན་པའི་སྤྲང་པོར་འགྱུར་བར་ཐེ་ཚོམ་མེད།

---དོར་ཞི།

བོད་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་ས་དང་། གནའ་རབས་ལོ་རྒྱུས་ཀྱི་འབྱུང་ཡུལ་ལྷོ་ཁའམ། ཀོང་པོ། འབྲི་གུང་སོགས་ས་གནས་དུ་མར་གནའ་དུས་བཙན་པོའ ་ིསྐབས་བསྐྲུན་པའི་རྡོ་རིང་གི་ཡི་གེ་བཟོ་བཅོས་ཀྱི་དྲི་མས་མ་གོས་པ་ཁག་གཅིག་ད་ལྟའང་དངོས་སུ་གནས་ཡོད་པ་དེ་དག་གི་ཐོག་ཆབ་སྲིད་དང་། དམག་དོན། ས་རིས་བདག་དབང་གི་སྐོར་སོགས་འཁོད་ཡོད་ལ། ཆོས་ལུགས་འཛིན་སྐྱོང་ཐད་ཀྱི་གཙིགས་ཡིག་ཀྱང་ཚུད་པ་བཅས་ལོ་རྒྱུས་དཔྱད་གཞིའི་ནང་དོན་ཕུན་སུམ་ཚོགས་ཙམ་མཆིས།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མི་ཞིག་ཚད་ལྡན་ཡིན་དང་མིན་གྱི་ཚད་གཞི་དེ་མི་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་ཉུང་ཐོག་ནས་བལྟ་རྒྱུ་མིན་པར། མི་དེས་བཤད་པའི་སྐད་ཆ་དེ་དང་བསམ་བློ་དངོས་ཡོད་གནས་ཚུལ་དང་མཐུན་ན་མི་དེ་ཚད་ལྡན་ཡིན་པ་དང་། དེ་མིན་ན་ཚད་ལྡན་མིན།

༌༌༌༌༌༌༌༌༌དུང་དཀར་བློ་བཟང་འཕྲིན་ལས་ཀྱིས།

ལོ་ངོ་ཁྲི་སྟོང་མང་པོའ་ིརིང་ལ། ལམ་ཕྲན་འདི་རྒྱ་ཇེ་ཆེར་དང་ཁོད་ཇེ་སྙོམ། ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟགས་ག་ལ་ཡིན།

༌༌༌༌༌༌༌༌༌༌༌༌༌དཔལ་དོན་གྲུབ་རྒྱལ་གྱིས།

ཤ་དར་ཁྲག་དར་དུས་སུ།། ཡོན་ཏན་ནོར་བུ་བསགས་དགོས།། ཡོན་ཏན་མེད་པར་རྒས་དུས།། ཁྱི་རྒན་སྒོ་ཉལ་འདྲའོ།།

༌༌༌༌༌༌༌༌༌༌མཁས་དབང་དམུ་དགེ་བསམ་གཏན་གྱིས།

Page 3: news of june

བོད་དོན་གླེང་སྟེགས།

-3-Bod-Dhon-Ling-Tik

=༣=ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

ཆེད་སྒྲིག་ལེ་ཚན། –བོད་རྔ་བའི་སྐྱིད་སྡུག་གླེང་བ།

གོ་མཚོན་སྤྲས་པའི་དམར་དམག་གི་མིག་སྡངབཙན་གནོན་དང་གདུག་རྩུབ་ཀྱི་ཡོལ་བའི་ཧྲག་བརསྤུ་གྲིའི་སོ་ཁ་ན་རྐང་རྗེན་དུ་བགྲོད་པའི་བདག་གི་དཔའ་བོ་དཔའ་མོམིག་བཙིམ་ཡང་སེམས་ལ་འཁོར་འོང་བའི་རྣམ་ཤེས་དེ་དགཁྱོད་ཀྱི་པང་ནས་འཚར་ཏེ་ཁྱོད་ཀྱི་པང་ནས་ཆས་སོང ཁྱོད་ཀྱི་ཞལ་རས་སྒོར་མོ་དེ་ཇི་འདྲའི་ཡིད་དུ་འོང་ནའངམེ་མདའ་དང་སྒྱོགས་ཆེན་གྱི་དུད་སྨུག་གིས་སྦགས་བྱུང་ཨངཁྱོད་ཀྱི་ཞི་འཇམ་གྱི་གཤིས་ཀ་དེ་ཇི་འདྲའི་སྲ་ཞིང་བརྟན་ནའངདབྱུ་གུའི་ཟོལ་དུ་དགྲ་བོའ་ིམེ་མདའ་དང་རྩེ་གྲིས་སྐུལ་ཏེཁྱོད་ཀྱིས་རང་གི་སྒྲ་དབྱངས་དེ་མི་འཁྲོལ་ག་མེད་བྱུང་སོངཨ་མདོ་རྔ་བ དཔའ་བོའ་ིསྙིང་སྟོབས་ཀྱི་མེ་ལྕེ་དྲག་ཏུ་འབར་བའི་ཞིང་ཁམས ཁྱེད་ཀྱིས་བྲིས་པའི་ལོ་རྒྱུས་ཀྱི་ཐིག་ཕྲེང་རེ་རེ་ནིབདེན་པ་དང་སྙིང་སྟོབས་ལ་བརྒྱུས་པའི་འོད་ཟེར་རེ་རེ་སྟེམི་རིགས་ཤིག་གི་སེམས་གཏིང་ལ་ཟུག་པའི་ཁྱོད་ཀྱི་མིང་བྱང་ཡངརྟག་བརྟན་ཐེར་ཟུག་གི་མར་མེ་ཚེ་འབར་དེ་མ་ཡིན་ནམ དཔའ་བོ་ཕུན་ཚོགས། མིག་ཆུ་ཁོག་ལ་མིད་ནས་ཟུངས་ཁྲག་ཕྱི་ལ་བཏོན་ཏེངོ་གདོང་དམར་སྨུག་གི་དཔའ་བོའ་ིསྣང་བརྙན་དེ་བོད་ལ་བཞག་སོངམི་ལོ་ཉི་ཤུར་མྱངས་པའི་སྡུག་བསྔལ་ལས་ཀྱང་སྟོབས་ཆེ་བའིསྙིང་སྟོབས་ཀྱི་མེ་ལྕེ་དེ་འཛམ་བུ་གླིང་ལ་ཁྱབས་སོང བདག་གི་སྙིང་ཉེ་བའི་རྒྱལ་གཅེས་དཔའ་བོ་ཆུང་ཆུངཁྱེད་ཀྱིས་རང་གི་ཚེ་སྲོག་གི་སྒྲོན་མེ་སྦར་ཏེགདུག་རྩུབ་ཀྱི་མུན་པ་གཞིལ་བའི་ལོ་རྒྱུས་ཀྱི་རྟོགས་བརྗོད་དེསབདག་གི་མིག་ཆུ་དང་སེམས་གཅོང་ལ་རང་དབང་མེད་པར་གྱུར་སོང དགྲ་བོའ་ིམེ་མདའ་དང་ལྕགས་དབྱུག་གིས་ཁྱེད་ཀྱི་ཚེ་སྲོག་འཕྲོག་ཀྱངཁྱོད་ཀྱི་རང་དབང་དང་སྙིང་སྟོབས་དེ་ནམ་ཡང་འཕྲོག་མི་བཏུབཁྱོད་ཀྱི་བདེན་པ་དང་གཟི་བརྗིད་དེ་ནམ་ཡང་གཞོམ་མི་སྲིདའཆི་བ་ལ་འཇིགས་པ་མེད་པའི་རྒྱལ་གཅེས་དཔའ་བོ་ཆུང་ཆུང་ལགས དཔའ་བོ་བཀྲ་བྷེ། སྙིང་ལ་གཟན་པའི་སྐག་སྒྲ་གཉིས་བསྟུད་མར་གྲགས་སྐདཁྱོད་ཀྱི་སྙིང་སྟོབས་ཀྱི་མེ་ལྕེ་དེ་ལྷབ་ལྷུབ་ངང་དགུང་དུ་མཆེད་སྐདད་དུང་རང་དབང་གི་འབོད་སྒྲ་དེས་རྔ་ཁོག་རིང་མོ་གཤགས་དུསགཟི་བརྗིད་ལྡན་པའི་མི་རིགས་ཤིག་ཁྱོད་ཀྱི་རྗེས་ན་འཚོ་ཡོད ཐེ་ཚོམ་མེད་པར་འཆི་ཕོད་ཀྱི་སྙིང་སྟོབས་དེསད་དུང་བདག་གི་མི་རིགས་འདིར་གསོན་གནས་ཤིག་ཡོད་པར་མཐོང་བྱུང བཀྲ་བྷེ་ལགས ཁྱོད་རང་མུན་པར་བཅུག་ཡོད་ཀྱངགཟི་བརྗིད་ལྡན་པའི་འོད་སྣང་དེས་བདག་གི་མཁའ་དབྱིངས་ཁྱབས་ཡོད འདོན་སྤེལ།: ༢༠༡༡/༠༤/༠༢

ཨ་མདོ་རྔ་བ། –རྔ་བ་དཔའ་བོའ་ིཞིང་ལ་སྦྲིངས་པ། ལྷ་ཆབ་སྦྱིན་པ།《རྡ་ས》

དོ་ནུབ་ཀྱི་མཚན་མོ་ནི་ཁྱོད་དང་ཤིན་ཏུ་མཚུངས་སྟེ།ཉི་ཟེར་གྱི་ཁ་ཟས་དང་རིང་དུ་བརྒལ་བའི་ཕྱིར་རོ། རྔ་བ། ཁྱོད་ཉིད་མེ་དཔུང་ཞིག་ཡིན་པའི་དབང་དུ་བཏང་ན།ཁྱོད་ཀྱི་མེ་སྟག་གི་རྣོ་དབལ་རེ་རེས་གཏུམ་སྤྱོད་ཀྱི་སྙིང་རྩ་བསྲེགས་ལ།ཁྲག་དྲོན་གྱི་འཕར་རྩ་གཏིང་ནས་ཁོལ་བར་བྱས་པར་མ་ཟད།ཁྱོད་ཀྱི་ཨམ་གཙུག་གིས་སྒུལ་བའི་སྙིང་རུས་གསོན་པོ་དགའཇིག་རྟེན་གྱི་མཐོ་སར་ལྡིང་ཞིང་། མི་སེམས་ཀྱི་ཟབ་སར་འཛུལ་འོང་། རྔ་བ། ངས་ཁྱོད་ཀྱི་གཏམ་རྒྱུད་ཀྱིས་སྒུལ་བའི་ས་ཆེན་པོའ་ིགཤོག་པ་མཐོང་བྱུང་ལ།ངས་ཁྱོད་ཀྱི་སྙིང་སྟོབས་ཀྱིས་སྤུར་བའི་ཆུ་ཆེན་པོའ་ིརླབས་སྒྲ་ཐོས་བྱུང་།མི་ཡུལ་ནི་བདེན་སྟོབས་ཀྱི་ཆེད་དུ་བཞེངས་པ་མིན་ནའང་། མི་ཚེ་གནས་ལུགས་ཀྱིས་བཞུད་ཐུབ་པ་ནི་ཁྱོད་ཉིད་དེ།ཞེ་གནག་གི་མཆེ་བར་ནས་སྙིང་སྟོབས་ཀྱིས་ལངས་སྤོབས་པའང་ཁྱོད་ཉིད་ཁོ་ནའོ། དེ་ལྟ་ནའང། རྔ་བ མིག་ཆུས་སྒུལ་གྱིན་པའི་རྔ་བ།སྙིང་གི་འུ་ཁུང་བརྟོལ་བའི་ཁྲག་དྲོན་དེ་ནི་ཁྱོད་ཀྱི་གསོན་ཤུགས་དང་སྙིང་སྟོབས་ལོས་ཡིན་ཏེ།མི་སེམས་སྙི་མོས་གྲུབ་པའི་སྙིང་ཁམས་འདིས་ནི་ཁྱོད་ཀྱི་ལོ་རྒྱུས་ལ་ཞིབ་ལྟ་བྱེད་མི་ཕོད་ཅིང་།ཁྱོད་ཉིད་འགྲོས་སྟངས་ལ་རྒྱང་ལྟ་བྱེད་མི་ཕོད་ཨང་། རྔ་བ།

༢༠༡༡།༤ །༢༢ མཚན་མོར་མདོ་སྨད་རྔ་བའི་ཞི་རྒོལ་ལ་ཞིབ་ཉན་ཐེངས་གཅིག་བྱས་རྗེས།

རྔ་བའི་དཔའ་བོ་ཚོར་ཕུལ་བ། –ཕུན་ཚོགས།《རྡ་ས》

སྤུན་ཟླའི་ལས་དབང་ཡ་ཁོག་སེམས་སུ་ཉར་དུས།། ཚོར་སྣང་ལྕི་མོ་ཞིག་གིས་བྲང་ཁོག་རྡུང་དུས།།ན་ཟུག་རྙིང་པ་ཞིག་གིས་ཧོབ་ཀྱིས་དཀྲོག་དུས།།ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།། ས་ཡ་དྲུག་གི་ལས་དབང་སེམས་སུ་རུམ་དུས།།སྐྱིད་སྡུག་མཉམ་མྱོང་ཞིག་ལ་ཕུགས་བསམ་བཅོལ་དུས།།རང་གི་རིགས་ལ་ཞེན་པ་དཀར་པོ་འཆང་དུས།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།། གཏམ་རྒྱུད་ནག་པོ་ཕྱིར་དྲན་ཐེངས་ཤིག་བྱས་དུས།། ཕ་གྱོད་རྙིང་པར་སྤྱན་ཞགས་ཐེངས་ཤིག་འཕེན་དུས།། རྒོལ་ལུགས་སྲོལ་དང་མཐུན་པའི་རྒོལ་སྟངས་འདིས་ཀྱང་།།ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།། རང་རིགས་མི་ལ་བཀུར་བའི་དད་འདུན་ཕྲ་མོ།། ལྷད་མེད་དྭངས་གཙང་སེམས་འདི་ཐུགས་སུ་འཁྲུངས་དུས།། རང་སྲོལ་མཆོད་མ་ེའབུལ་པའ་ིརྒོལ་ལུགས་འདིས་ཀྱང་།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།། རང་རིགས་དོན་དུ་རྒོལ་སྟངས་གྲངས་ལས་འདས་ཀྱང་།།རང་ལུས་མེ་རུ་བསྲེག་པའི་རྒོལ་སྟངས་རྫིག་པོ།། དེའི་ཕྱིར་ལ་རྒྱའི་དབང་གི་མཆོང་སྟངས་འདིས་ཀྱང་།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།།

རྒྱལ་གཅེས་དཔའ་བོ་བློ་

བཟང་ཕུན་ཚོགས་

ཀྱི་རྒོལ་ལུགས། – རྒྱལ ་གཅེ ས ་

དཔའ་བོ་ཁོང་སྐུ་གཤེགས་ནས་ཉིན་ཞག་བཞི་བཅུ་ཞེས་

དགུ་འཁོར་བའི་དུས་དྲན་དུ་ཕུལ་བ།

–ལི་སྨྱོན་མ་ཧ་ཀཱ་ལཱ།

སྙན་ཚིག་བུང་བའི་གཤོག་སྒྲོ་ལྡེམ་མྱུར་ཞིག་གིས།། ཁྱེད་རང་དྲན་པའི་གདུང་བ་སེལ་བའི་ཕྱིར་དུ།།དབང་མེད་སྨྱུ་གུས་གར་སྟོབས་བསྒྱུར་སྟངས་འདིས་ཀྱང་།། སྐྱིད་སྡུག་མཉམ་མྱོང་ཞིག་གི་མཚོན་དོན་ཡིན་ནོ།།

༢༠༡༡་་༥་་༤་་ཡི་དགུང་མོ་འབྲས་སྤུངས་བློ་

གསལ་གླིང་གྲྭ་ཚང་གི་ཉིན་ཞག་ཞེ་དགུ་འཁོར་བའི་དུས་

སྐབས་དང་བསྟུན་ནས་སྨོན་ལམ་གསུང་དུས་ཐོལ་བྱུང་

དུ་ཚོགས་ཐོག་ན་གདུང་བ་དྲག་པོ་ཞིག་སྐྱེས་ནས་མྱ་ངན་

ཞིག་གི་ཚབ་ཏུ་བྲིས།།

འདོན་སྤེལ།: ༢༠༡༡/༠༥/༠༤

སུ་ལའང་ཡོད་ཆོག་པའི་མཛེས་སྡུག་གི་རྨི་ལམ་དེའི་ཕྱིར་དུ།ཡང་ན། སུ་ལའང་ཡོད་དགོས་པའི་རང་དབང་གི་འབོད་སྒྲ་དེའི་ཆེད་དུ།སྨག་ནག་པའི་ཕ་ཡུལ་གྱི་རི་སུལ་དེ་ནས།ཁྱོད་ཀྱིས་རང་ཉིད་མར་མེ་རྐོང་བུ་ཞིག་གི་ཚུལ་དུ་བསྒྲོན།ཁྱོད་ཀྱིེས་རང་ཉིད་ཚག་སྒྲ་རྐང་ཞིག་གི་ཟོལ་དུ་སྤར།དམར་ལྷབ་ལྷུབ་ཀྱི་མེ་ལྕེ་དེས།སྨག་རིམ་གྲངས་མེད་ཀྱི་མཚན་གཞུང་གཤགས་ནས།སུ་ཞིག་གིས་བརྡར་བའི་གནས་ལུགས་བཞིན།གཏམ་རྒྱུད་གཞན་ཞིག་བྲང་ཁོང་བརྟོལ་ནས་ཕེབས་སོང་།འདི་ཁོ་ན་ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་རྐང་རྗེས་ཡིན་ནམ།འདི་ཁོ་ན་ཁྱོད་ཀྱིས་ཕ་ཡུལ་ལ་བསྐྱུར་བའི་ཁ་ཆེམས་ཡིན་ནམ།མཚན་མོ་དེའི་སྔ་རྗེས་སུ།ཁྱོད་ཀྱི་ཕ་ཡུལ་དུ་དྲག་རླུང་འཚུབ་བྱུང་།གནའ་གཏམ་ཁྲོད་ཀྱི་དྲག་རླུང་ཡང་བསྐྱར་འཚུབ་བྱུང་།མུན་པ་གྱོན་ཞིང་མུན་པར་དགའ་བའི་འུག་པའི་ཚོགས།སུ་ཞིག་གི་ཚེ་སྲོག་ལ་རྔམ་པའི་དུར་འདབས་ཀྱི་ཁྱི་སྤྱང་བཞིན།ཡང་བསྐྱར་སླེབས་བྱུང་། ཉམ་ཆུང་གང་མང་ཞིག་ཁྱུར་མིད་གཏོང་བར་སླེབས་བྱུང་།འོན་ཀྱང་། ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོས།ཁྱོད་ཀྱིས་སྤར་བའི་མེ་ལྕེ་སྒྲོན་མེར་བཏེགས་ནས།ཁྱོད་ཀྱིས་བསྐྱུར་བའི་ཁ་ཆེམས་སེམས་ཁོངས་སུ་ཉར་ནས།གོམ་པ་རེ་རེ་བཞིན་ཨུ་ཚུགས་ཀྱིས་སྤོ་བཞིན་ཡོད།རླུང་རྟ་རེ་རེ་བཞིན་རེ་སྤོབས་ཀྱིས་གཏོར་བཞིན་ཡོད།ཞི་བདེ་དང་གནས་ལུགས་ལ་རིན་ཐང་མེད་པའི་ཁྱོད་ཀྱི་ཕ་ཡུལ་དུ།ཁྲིམས་ལུགས་དང་ཐོབ་ཐང་ལ་བེད་སྤྱོད་མེད་པའི་ཁྱོད་ཀྱི་ཕ་ཡུལ་དུ།

རང་ཉིད་མེ་ལ་སྒྲོན་མཁན་ཁྱོད། (ཕ་ཡུལ་དུ་ཁ་པར་ཐེངས་ཤིག་བཏང་རྗེས་བྲིས།)

སྦྲ་ཪིགས་ཐོགས་མེད།《ལྡི་ལི》

ཁྱོད་ཀིྱ་ཕ་ཡུལ་དུ། ད་ལྟ་མུན་ནག་རྐྱང་རྐྱང་འཁོར་ནས་ཡོད།ཁྱོད་ཀིྱ་ཕ་ཡུལ་དུ། ད་ལྟ་མིག་ཆུ་ཁ་ོན་བཞུར་གིྱན་ཡོད།གང་ལྟར། ཁྱོད་ཀིྱ་ང་ཚོར་འོད་ཟེར་གིྱ་གཏམ་རྒྱུད་བསྐྱུར་ནས་ཕེབས་སོང་།ཁྱོད་ཀིྱས་ང་ཚོར་གནས་ལུགས་ཀིྱ་མིག་ཟུང་གནང་ནས་བཞུད་སོང་།དེའི་ཕིྱར། དུས་ཚིགས་གང་རུང་གི་སྔ་རེྗས་སུ།ཕ་ཡུལ་དུ་གདུག་སེམས་ཀིྱ་མུན་པ་ཇི་འདྲའི་མཐུག་ནའང་།ཕ་ཡུལ་དུ་འཇབ་རྒོལ་གིྱ་དྲག་ཆར་ཇི་འདྲའི་རྩུབ་ན་ཡང་།ང་ཚ་ོཡང་ཕིྱར་མི་ལྡོག་པའི་ཁྱོད་ཀིྱ་ཕེབས་ལམ་དེར་ཞུགས་ནས་ཡོང་གིན་ཡོད།ང་ཚ་ོཡང་འོད་སྣང་གིས་ཁེངས་བའི་ཁྱོད་ཀིྱ་བགྲོད་ལམ་དེ་དེད་ནས་སེླབ་བཞིན་ཡོད།

བོད་ཀྱི་གཞོན་ནུའི་ཟས་བཅད་ངོ་རྒོལ་པ་རྣམས་

ལ་རྩོམ་སྒྲིག་པའི་ངོས་ནས་གདུང་སེམས་

མཉམ་སྐྱེད་ཞུ་བཞིན་ཡོད།

Page 4: news of june

བོད་དོན་གླེང་སྟེགས།

Bod-Dhon-Ling-Tik-4-

=༤= ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

ལོ་རྒྱུས་ཀྱི་གླེགས་བམ་ལསམི་བུ་ཞིག་གི་རྣམ་དཔྱོད་ལ་འོད་སྣང་བཀྱེད་ཚུལ་དེསུ་ཞིག་གི་སྙིང་ལ་བཏབ་པའི་གཏམ་གྱི་སྒོ་མོ

དུས་རབས་ཤིག་ཁད་ཀྱིས་བཞུད་པའི་ལོ་ཟླདར་རྒུད་ཀྱི་ཞིང་ཁམས་ནས་རྨི་ལམ་བཞིན་ཡལ་དུསརང་དབང་ལྷ་མོའ་ིའཛུམ་རིས་ལ་དུང་བའི་དཔུང་ཁག་ཅིགབླ་སྲོག་གི་འབོད་པ་བཏང་བའི་རུ་འདྲེན་དུ་གྱུར

ཚོད་ཚོད་ལ བསམ་བློའ་ིགྲུ་ཟུར་ནས་འཛུམ་པའི་སྐད་ཆ་ཐེད་པོ་དེ་དགབསམ་གཞིགས་ཀྱི་རྣོ་ཁ་ནས་ཡང་སྐོར་བསྐྱར་སྐོར་བྱེད་དུསསུ་ལ་བཅིངས་པའི་དུང་སེམས་ཀྱི་རྨང་རྡོ་དེའང་འགུལ་ཙམ་འགུལ་ཙམ་བྱས

འདི་ནི ཐོབ་ཤོར་གྱི་བར་གསེང་ལས་བུད་པའི་ཚེ་སྲོག་ཕྲ་མོ་ཙམའདི་ནི དུས་རླུང་གིས་བདས་པའི་བསམ་གཞིགས་ཀྱི་ཡོ་ལང་ཞིག

དུས་རླུང་གིས་བདས་པའི་བསམ་གཞིགས

–བོན་རྒྱ་བློ་བཟང་བཀྲ་ཤིས། 《ནོར་གླིང》

ཕ་ཡུལ་དང་ཁ་གྱེས་ཏེ་ལོ་ངོ་ག་ཚོད་ཅིག་ལ་ས་མཐར་འཁྱམ་པའི་པོ་ཏ་ལའི་མི་དམངསཕ་མ་དང་ངོ་མ་ཐུག་པར་དྲན་གདུང་ག་ཙམ་ཞིག་བཟོད་བསྲན་ཡོད་པའི་བྱེས་གྱར་བའི་བོད་མྱིཁྱོད་ཚོས་ཕ་ཡུལ་དྲན་པ་ནང་བཞིན ཕ་ཡུལ་གྱིས་ཁྱོད་ཚོ་དྲན་གྱིན་ཡོད་དེརེ་སྒུག་གི་ལག་པ་ཐོད་ལ་བཞག་སྟེ་མཛུབ་མོ་ནང་བཀུག་བྱེད་ཀིན་པའི་ཁོག་རྩིས་ཀྱི་རེའུ་མིགརྩྭ་ཐང་གི་ནམ་མཁའ་ན་བྱ་ཁྱུ་བཞིན་འཕུར་བའི་དྭངས་གཙང་གི་ཚོར་བའི་གསེབ་ལ་བཞག་ཡོད

རྒན་རྒོན་ལོ་ལོན་ཚོས་མ་ནི་འདོན་མཚམས་ཀྱི་བར་ན་ཁྱོད་ཚོ་གླེང་གི་ཡོད་ལགསར་བུ་དར་མ་ཚོས་ལས་ཀ་ལས་མཚམས་ཀྱི་བར་ན་ཁྱོད་ཚོ་བཤད་ཀི་ཡོདགྲྭ་བཙུན་དང་ཨ་ནེ་ཚོས་རྒྱ་ཕིབས་དང་གསེར་ཏོག གཡེར་ཆུང་གི་སིལ་སྒྲའི་བར་ན་ཁྱོད་ཚོའི་གོམ་སྒྲ་ལ་ཉན་ཡོད

ཤེས་ཡོན་ཅན་ཚོས་ཁྱོད་ཚོས་སྙིང་སྟོབས་ཤིག་བཏེགས་ནས་འོང་བར་རེ་སྒུག་བྱས་ཡོདསློབ་བུ་ཚོས་དཔེ་ཆའི་ཐིག་ཕྲེང་གི་བར་གསེང་ན་ན་ཟུག་དང་སྐྱོ་ཤས་ཀྱིས་ཁྱོད་ཚོར་ངང་སྒུག་བྱས་ཡོདས་མཐར་འཁྱམས་ནས་ཡུན་རིང་བྱིན་པའི་པོ་ཏ་ལའི་མི་དམངས ད་ནི་ཕ་ཡུལ་ལ་ལོག་ཤོགརང་དབང་གསར་བ་ཞིག་བསུས་ནས དམངས་གཙོའི་ལེགས་སྐྱེས་ཤིག་བཏེགས་ནསཕ་ཡུལ་ལ་འཚོ་བ་རོལ་དུ་ཤོག ཕ་ཡུལ་གྱི་མི་དམངས་དང་ལྷན་འཛོམས་ཀྱི་དགོད་སྒྲ་འཐུང་དུ་ཤོག

གངས་རི་དང་མཚོ་མོ སྦྲ་ནག་དང་ལུག་ཁྱུཁྱོད་ཚོའི་རྨི་ལམ་གྱི་གཞུང་ན་རྒྱུན་པར་ཡོད་སྲིད་པའི་མཐོ་དབུས་མདོ་སྒང་གིསཁྱོད་ཚོ་དྲན་ནས་ཡུན་རིང་བྱིན་སོང ཁེར་རྐྱང་གི་མགོ་བོ་བྲང་ལ་བསྙེས་ཏེ་ཡུན་རིང་བྱིན་སོང

གངས་རིའི་བཤད་ན་ཁྱོད་ཚོ་འགྲོ་ཁར་སྐྱོ་ལྷང་གིས་བཞུད་སོང་ཟེརམཚོ་མོས་བཤད་ན་ཁྱོད་ཚོ་ནམ་ཞིག་སྤྲོ་ལྷང་ལྷང་གིས་ཡོང་སྲིད་ཟེརསྦྲ་ནག་གིས་སྐྱོ་གར་གྱིས་དྲངས་པའི་དགའ་སྤྲོ་ཞིག་ཡོད་པར་ཡིད་ཆེས་བདོག་ཟེརལུག་ཁྱུས་མི་རིང་བར་བདག་པོ་འོང་སྟེ་ང་ཚོ་རྩྭ་ཆུ་འཛོམས་ས་ཞིག་ལ་འདེད་སྲིད་ཟེར

པོ་ཏ་ལའི་མི་དམངས ཕྱིར་ཕ་ཡུལ་ལ་ཕེབས་ཤོགཁྱོད་ཚོས་ཕ་ཡུལ་དྲན་པ་ནང་བཞིནཕ་ཡུལ་གྱིས་ཀྱང་བརྗོད་མི་ཐུབ་པའི་ཐ་སྙད་རེ་རེའི་ངོ་གདོང་གི་བར་ན་ཁྱོད་ཚོ་དྲན་གྱི་ཡོད 08/11/14ཉིན་གུང་པེ་ཅིན་དུ།

པོ་ཏ་ལའི་མི་དམངས། ཕྱིར་ཕ་ཡུལ་དུ་ཕེབས་ཤོག

–རྣོ་སྦྲེང་།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།……《བྱིས་པའི་དབྱངས་གསལ་ཀློག་འདོན་གྱི་སྒྲ་དང་སྦྱར་ཏེ།》ང་ཡི་མེས་པོའ་ིརུས་རྐང་ལས་འཛུམ་པའི་གསེར་གྱི་མར་ཁུ།མཐོན་པོའ་ིགངས་ཁྲོད་དུ་སྒྲོན་པའི་གསེར་གྱི་མར་མེ།ཨོ། དབྱངས་གསལ་སོ་བཞི། ངའི་རྣམ་ཤེས་ཀྱི་མཁའ་དབྱིངས་ལ་འོད་ཀྱིས་འཚེར་བྱུང་།ངའི་བླ་སྲོག་གི་གཏིང་རུམ་ལ་དྲོད་ཀྱིས་གསལ་བྱུང་།ཨོ། དབྱངས་གསལ་སོ་བཞི། ང་བོད་པའི་སྒལ་ཚིགས་སྦྲེལ་བྱེད་ཀྱི་རྡོ་རྗེ་མདུད་པ།ང་བོད་པའི་མགོ་བོ་དགྱེ་བྱེད་ཀྱི་བློ་རྩ་བརྟན་པོ།ང་བོད་པའི་འཇིག་རྟེན་མཐོང་བྱེད་ཀྱི་མིག་དབང་རྣོན་པོ།ཨ། དབྱངས་གསལ་སོ་བཞི། ངའི་བླ་སྲོག་གི་སྒྲོན་མེ།

ང་ཡི་སེམས་ཀྱི་ཡོལ་གོ་རུ་བླུག་པའི་གསེར་གྱི་མར་ཁུ།གློ་སྙིང་མཆིན་གསུམ་དུ་སྒྲོན་པའི་གསེར་གྱི་མར་མེ།ཨོ། དབྱངས་གསལ་སོ་བཞི། ངའི་རྨོངས་མུན་གྱི་ཞིང་ཁམས་ལ་འོད་ཀྱིས་མངོན་བྱུང་།ངའི་གྲང་འཁྱག་གི་འཇིག་རྟེན་ལ་དྲོད་ཀྱིས་བབས་བྱུང་།ཨོ། དབྱངས་གསལ་སོ་བཞི། ང་བོད་པའི་ཁྱིམ་གཞིས་འཛིན་བྱེད་ཀྱི་མཐིང་སྨུག་སྦྲ་ཆུང་།ང་བོད་པའི་ལུས་སྟོབས་འཕེལ་བྱེད་ཀྱི་མར་རྩམ་སྣུམ་པོ།ང་བོད་པའི་རིགས་རྒྱུད་སྤེལ་བྱེད་ཀྱི་ཁུ་ཁྲག་དྭངས་མོ།ཨ། དབྱངས་གསལ་སོ་བཞི། ངའི་བླ་སྲོག་གི་སྒྲོན་མེ།

བླ་སྲོག་གི་སྒྲོན་མེ། ཚིག འབྲུག་ལྷ་རྒྱལ།

ཤེས་པའི་རིག་གནས་ཆུ་གཏེར་ཇི་བཞིན་དཔོག་པ་དཀའ་བའི་གཏིང་མཐའ་ལ།། གཞལ་བར་འདོད་པའི་མ་འོངས་བོད་ཀྱི་སོན་རྩ་འི་ཉ་མོའ་ིངར་སེམས་ཀྱིས།། དུས་ཀྱི་གེགས་དབང་རྦ་རླབས་ཁྲོད་ནས་བརྩོན་པ་ལྷུར་ལེན་ཡང་ཡང་འཁྱུག ། བརྩེ་བའི་གངས་ཕྲུག་སྙན་གྱི་དབང་པོ་བདག་ལ་འཁྱུག་ཙམ་གསན་པར་མཛོད།། གངས་རིའི་འདབས་ལ་གཅེས་པའི་སྤུན་ཟླ་དམར་པོའ་ིཚོན་གྱིས་བཀུམས་ན་ཡང་།། གངས་རིའི་བླ་མ་ཡིད་བཞིན་ནོར་བུ་དབུ་འཕང་དགུང་དུ་གསེར་འོད་འཁྱུད།། གངས་རིའི་ཡུལ་གྱི་སྤུན་ཟླའི་སླད་དུ་ཉིན་མཚན་རེས་མོས་ངལ་བར་སྐྱོང།། གངས་ཕྲུག་ང་ཚོས་ཆིག་སྒྲིལ་དཔུང་པས་རྩ་དོན་མ་བསྒྲུབ་ཅི་ལ་རུང།།

ཆིག་སྒྲིལ།

ཤར་ཕྱོགས་མི་བསྲུན་དུག་གི་སྦར་མོ་ཤ་རུས་སྤུན་ལ་བརྡབས་པས་ན།། ནོར་འཛིན་པང་ལ་བལྟ་བར་མི་བཟོད་ཁྲག་གི་མཚོ་མོ་འཁྱིལ་བའི་ཁྲོད།། སྤུན་ཟླ་སྟོང་གི་ཚེ་སྲོག་གློད་པའི་ཁྲག་གི་ཕུང་པོ་མཐོང་ཡོད་ན།། མི་རིགས་ལ་རྒྱ་དགུང་དུ་བཏེགས་ནས་ཆིག་སྒྲིལ་ནུས་པ་གཅིག་ཏུ་སྤུངས།། མུན་ནག་ཁྲོད་དུ་ལྷབ་ལྷུབ་གཡོ་བའི་མཐོ་སྒང་ཡུལ་གྱི་དར་ལྕོག་དེ།། དམར་པོའ་ིབདུད་ཀྱི་ཆར་རླུང་དཀྱིལ་ན་ཟད་ལ་ཉེ་བའི་དུས་སྐབས་འདིར།། ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་རླུང་འཚུབ་གངས་རིའི་ཡུལ་ལ་མ་ལྡང་བར།། དཔའ་ངར་ཞུམ་མེད་ཨམ་གཙིགས་བསྡམས་ཏེ་ཆིག་སྒྲིལ་དཔུང་པ་མཁའ་ལ་འཕྱར།། སུམ་རྩེན་ལྷ་ཡི་སྐྱེད་ཚལ་ཇི་བཞིན་ཁ་བའི་ལྗོངས་སུ་བཤུས་འདྲ་བའི།།

སྣོད་བཅུད་ཕུན་ཚོགས་ལྷ་ལམ་ཡངས་པོར་རྒྱུ་སྐར་བཞིན་དུ་བཀྲ་བ་ལ།། དམར་པོའ་ིགླང་གིས་ལྕགས་ཀྱི་མཆེ་བ་ངོམ་པ་མེད་པར་ལྡད་པས་ན།། ཁྱེད་དང་ང་ཞེས་བླུན་གཏམ་སྤངས་ནས་ཆིག་སྒྲིལ་ལམ་དུ་མདུན་བསྐྱོད་གྱིས།།

ཕ་རོལ་དགྲ་བོའ་ིརྣ་བར་འགེངས་པའི་འབྲུག་སྒྲ་ལྟ་བུའི་ལྡིར་སྒྲ་དང་།། ཚེ་སྲོག་འབུམ་ཕྲག་སྐད་ཅིག་བརླག་པའི་ཚོན་གྱི་ནུས་པ་མ་མཆིས་ཀྱང།། བཅུ་གཉིས་བདག་པོ་ནུབ་ཏུ་བཞུད་ཀྱང་ཤར་རིའི་རྩེ་ནས་བསྐྱར་ཕེབས་ལྟར།། ཆིག་སྒྲིལ་ནུས་ཤུགས་མཉམ་དུ་བསྡེབ་ན་རང་དབང་ཉིན་མོའ་ིལོས་ཀྱང་ཤར།།

ཡེ་ཤེས་བསམ་གཏན་གྱིས། 《ས་རཱ》

བོད་ཡིག་དྲ་རྒྱ་ངོ་སྤྲོད།

༸གོང་ས་མཆོག་གི་དྲ་ཚིགས།www.gyalwarinpoche.com

བཙན་བྱོལ་བོད་གཞུང་དྲ་རྒྱ།www.tibet.net

བོད་ཀྱི་དྲ་མཛོད།www.tibetnetwork.com

མཆོད་མེ་དྲ་བ།www.tibetcm.com

རང་དབང་དྲ་གནས།www.rangwang.net

རང་གྲོལ་སྨྱུག་གསར་དྲ་བ།www.rangdrol.net

ཕ་ཡུལ་དྲ་ཚིགས།www.phayul.com

འོད་དཀར་དྲ་ཚིགས།www.dawakarpo.com

དགེ་འདུན་ཆོས་འཕེལ་དྲ་ཚིགས།www.gdqpzhr.com

ན་གཞོན་གསར་བ་དྲ་ཚིགས།www.tbyouth.com

ཤམ་བྷ་ལ་དྲ་ཚིགས།www.shambalapost.com

ཨེ་ཤ་ིཡ་རླུང་འཕྲིན་དྲ་ཚིགས།www.rfa.org

ཀུན་གེླང་དྲ་གནས།www.tibetanvoa.com

བོད་ཀྱ་ིདུས་བབ་དྲ་ཚིགས།www.tibettimes.net

བོད་ཀྱ་ིབང་ཆེན་དྲ་ཚིགས།www.tibetexpress.net

དཔལ་དོན་གྲུབ་རྒྱལ་གྱ་ིདྲ་བ།www.zt.tibet.cn

བོད་ཀྱ་ིསྐད་ཡིག་དྲ་ཚིགས།www.ti.tibet.cn

མཚ་ོསྔོན་བརྙན་འཕྲིན་དྲ་བ།www.qhtb.com

བོད་སྐད་བརྙན་འཕྲིན་དྲ་བ།www.ti.tibetradio.cn

བོད་ཀིྱ་བརྡ་འཕིྲན་ལག་རྩལ་དྲ་བ།www.tibetitw.com

བོད་ཀྱ་ིདྲ་བ།www.ti.tibet3.com

དགེ་སློབ་གེླང་སེྟགས།www.gyelob.net

རྡ་ོའབུམ་དཔེ་འཕྲིན་དྲ་བ།www.dobum.org

གཡུ་ཞུན་དྲ་བ།www.youshun12.com

ཁ་བརྡ་དྲ་ཚིགས།www.khabdha.org

ང་ཚོའི་མི་རབས་འདིའི་ཆོས་ལུགས་པ་ཡིན་ན་འདྲ། འཇིག་རྟེན་པ་ཡིན་ནའང་འདྲ། འཚོ་གནས་ཀྱི་ཉེན་ཁ་ཆེན་པོ་ཞིག་གི་སྐས་ཚིགས་སུ་གནས་ཡོད་པས། འགག་དོག་པའི་ལོ་རྒྱུས་ཀྱི་བྲག་འཕྲང་འདི་ནས་ང་ཚོས་ཅིས་ཀྱང་གསོན་ལམ་ཞིག་མི་འཚོལ་ཐུ་མེད་ཡིན་སོང་།

༌༌༌༌༌༌༌༌༌༌༌༌༌༌སྒོ་ཤེས་རབ་རྒྱ་མཚོས།

Page 5: news of june

བོད་དོན་གླེང་སྟེགས།

-5-Bod-Dhon-Ling-Tik

=༥=ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

སྤྱིར་བཏང་བོད་རིགས་མི་མང་གི་བདེ་སྡུག་དང་དེའི་རིག་གཞུང་གི་སླད་དུ་རང་སྲོག་བློས་བཏང་བྱས་པའི ་མདོ ་དབུས་ཁམས་གསུམ་གྱི ་སྤུ་ཟླ་གྲངས་ཀྱི་མི་ཟིན་ལ། དེ་དག་རེ་རེའི་རྣམ་ཤེས་ཀྱིས་ང་ཚོ་ལ་ཉིན་རེ་འབོད་ཀྱིན་ཡོད་ལབ་ན་རྫུན་དུ་ འགྲོ་མི་སྲིད། མེས་པོ་གོང་མ་དག་གི་དཔའ་དང་བློ་རིག་བཅས་ལ་ང་ཚོས་རྗེས་སུ་ཡི་རངས་བྱེད་པ་ལས་ འཁང་ར་བྱེད་ས་གཏན་ནས་མེད། དུས་རབས་ཉེར་གཅིག་པའི་མེ་ཏོག་གསར་དུ་བཞད་པ་ནས་བཟུང་བོད་རིགས་ཀྱི་སྤུན་ཟླ་གང་མང་ཞིག་གི་ཚེ་སྲོག་བོད་ཅེས་པའི་ཐ་སྙད་འདིའི་ཆེད་དུ་ཕུལ་བ། ཀུན་གྱི་མིག་ལམ་དུ་བཤམས་ནས་ཡོད་ལ་རྣ་ལམ་དུ་ཡང་ཡང་ཐོས་ཡོད་ངེས་ཡིན། ལྷག་པར་ཉིས་སྟོང་བརྒྱད་ནས་བཟུང་རྣམ་པ་གསར་བའི་ལས་འགུལ་ཞིག་དང་ཆོལ་གསུམ་ཡོངས་ཀྱིས་འབོད་སྒྲ་མཉམ་དུ་བསྒྲགས་པ་རེད། དེ་དུས་རྒན་གཞོན་དང་ཤེས་ཡོན་མཐོ་དམན་གྱི་ཁྱད་པར་མེད་པར་ཀུ་སྒྲས་གནམ་ས་བཀང་བ་དང་། ཚེ་སྲོག་གིས་བདེན་དཔང་བྱས་པ་རེད། དེ་དང་བསྟུན་ནས་བྱེས་ཀྱི་བོད་རིགས་ཚོས་ཀྱང་རང་ནུས་ཀྱིས་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བ་དང་དེ་ལ་དེའི་ཚོད་ཀྱིས་གྲུབ་འབྲས་ཤིག་ཏན་ཏན་ཡོད་རྒྱུ་རེད།གཅིག སྔོན་མ་རྔ་བའི་ཚོང་བ་ལབ་ན་སྐད་གྲགས་ཆེ་བ་དང་ཆོལ་གསུམ་བོད་ཁུལ་གྱི་ནང་གི་ཚོང་ཕྱོགས་ནས་སྔོན་ཐོན་པ་རེད། གཉིས། རྔ་བའི་རྩོམ་པ་པོ་གང་མང་ཞིག་གིས་ཤར་དུང་རི་དང་དྲ་བའི་ཁོར་ཡུག་བརྒྱུད་ནས་བོད་དོན་གླེང་བ་དང་། གླེང་ཕྱོགས་ཀྱང་མཐོ་རྒྱག་དམན་རྒྱག་མིན་པར་བདེན་པ་གཞི་བཅོལ་དང་རང་གཞན་སུ་ཞིག་གིས་བལྟས་ན་ལོས་ཡིན་བསམ་སྐྱིད་ཅིག་རེད། གསུམ། བྱེས་ཀྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེ་བསྲེགས་བཏང་ནས་བོད་མི་རིགས་ལ་དྲན་སྐུལ་ཅིག་བྱས་ཡོད་ལ། དེ་ལ་བོད་མི་རྩམ་ཟན་ཡོངས་ཀྱིས་གདེང་འཇོག་དང་མིག་དཔེ་ལྟ་བུ་དང་ཀུན་གྱི་སེམས་ནང་དུ་ཉར་ནས་ཡོད་རེད། ཁ་སང་བདུན་ཕྲག་འགའི་སྔོན་དུ་རྔ་བའི་དགེ་འདུན་པ་ཕུན་ཚོགས་ཁོང་གིས་སྐུ་ཕུང་མེ་བསྲེགས་བཏང་བ་དང་། རྔ་བའི་མི་མང་གིས་དེ་ལ་རིན་ཐང་དང་རྗེས་དྲན་བྱས་པ། ཁྲི་སྟེང་དུ་བཞག་ནས་དྲི་མས་མ་གུས་པའི་དར་ཨེ་ཤེ་བསྒྲོན་པ་སོགས་ཧ་ལས་པའི་མཐོང་ཆེན་ཞིག་བཞག་ཡོད་མོད་ཀྱང་། ས་འདི་ནས་སྐབས་དེ་དང་དུས་དེར་དེའི་ཚོད་ཀྱིས་འདེང་འཇོག་ཅིག་དང་གོ་གོ་ཐོས་ཐོས་རིག་རིག་བྱས་མ་སོང་། དེ་ནི་ཕྱོགས་ཡོངས་ནས་བལྟས་ན་ནོར་འཁྲུལ་ཆེ་ཤོས་ཤིག་རེད། རང་དབང་ལུང་བ་ནས་རང་ལུས་མེ་བསྲེགས་བཏང་ན་རིན་ཐང་ཡོད་ལ་རྒྱ་མའི་མེ ་མདའ་ཁ་ནས་སྐུ་ཕུང་མེ་ལ་བསྒྲོན་པ་ཅིའི་ཕྱིར་མ་མཚུངས་པ་རེད་ཅེས་པའི་དྲི་བ་ཞིག་རང་སེམས་ ནས་འགོག་མེད་དུ་ཤོར་སོང་། བཞི། རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་ཚོས་རྒྱ་མའི་མེ་མདའ་ཁ་

རྔ་བའི་ལ་རྒྱའི་མེ་ལྕེ་གྱེན་དུ་འབར།

__ཨ་རིག་དགེ་མཐོང་། 《ལྷོ་ཕྱོགས།》

ནས་བདེན་དོན་ཆེད་རང་ཚུགས་མ་ཤོར་བ་དང་ཆོད་སེམས་མ་འགྱུར་བར་བཞུགས་པ་རེད། སྐབས་དེའི་རྡུང་རྡེག་མནར་གཅོད་ནི་བཤད་མི་དགོས་པར་ཀུན་གྱི་ཀུན་གཞིའི་རྣམ་ཤེས་ལ་དོན་སྤྱི་ལྟ་བུ་ཞིག་འཆར་ངེས་རེད། དེ་ལ་བྱེས་ཀྱི་ཀིརྟི་བྱེས་པ་གྲྭ་ཚང་གིས་རྒྱབ་སྐྱོར་རམ་གདེགས་ལྟ་བུའི་ཚུལ་དུ་སྒྲིག་ཁྲིམས་ཡོད་པའི་སྒོ་ནས་ངྷ་ས་ནས་ལྡི་ལི་བར་གོམ་བགྲོད་དུ་ཕེབས་པ་དང་། ཕེབས་སྟངས་དེ་ནི་དངོས་གནས་ཞི་བའི་ངོ་རྒོལ་རང་རེད་བསམ་སྐྱིད་ཅིག་ཏུ་ངེས་སོ། ། དེ་དང་ལྷན་དུ་མདོ་སྨད་དབུས་རྒྱུན་ཚོ་མཉམ་ཞུགས་གནང་བ་དང་། གཞོན་ནུ་དང་ཚོགས་པ་ཁག་ཅིག་གིས་ཁ་རུ་ཁ་ཐུག་ལས་འགུལ་སྤེལ་བ། ལྷག་པར་ད་ཐེངས་གཞོན་ནུ་ཚང་གི་ཚོགས་གཞོན་དང་ཟུང་དྲུང་། དྲུང་ཆེ་བཅས་ཀྱིས་རང་སྔུན་མ་བྱས་ཏེ་ཟས་བཅད་ངོ་རྒོལ་དུ་བཞུགས་པ་ནི། བཙན་བྱོལ་སྤྱི་ཚོགས་ཀྱིས་ལས་འགུལ་སྤེལ་སྟངས་ཐད་ནས་ལེགས་ཤོས་དང་ཁ་དོན་མཚུངས་པ་ལྟ་བུར་ཚོར་བྱུང་། དེ་མིན་དུས་རྒྱུན་ཚོགས་སྒེར་ཚོས་སོ་སོས་ཁ་ནས་ཆེན་པོ་རྐྱང་རྐྱང་བཤད་པ་དང་། ལག་ལེན་ཁྲོད་ནས་སྐར་ཆ་འགའ་ལ་གོམ་པ་སྤོ་མི་འདོད་པར། མི་མང་ལ་རྒྱབ་ལོགས་ནས་ཀུ་བཏབས་ནས་བསྡད་པ་ནི་ཡག་རྟགས་ཤིག་ཁྱོན་ནས་མ་རེད། ཁ་སང་ཁོ་བོ་ལྡི་ལི་ནས་ཡོང་དུས་གཞོན་ནུའི་ལས་བྱེད་ཁག་ཅིག་ཟས་བཅད་ངོ་རྒོལ་ལ་བཞུགས་འདུག་པ་དང་རྒྱལ་སྤྱིས་ཀྱང་དེ་ལ་དོ་སྣང་བྱས་ཏེ་ལྟ་རུ་ཡོང་རྒྱུ་རེད་ཅེས་པའི་གསར་འགྱུར་མཐོང་། དེ་ནས་མེ་འཁོར་བརྒྱུད་ཧོང་སོར་དུ་བསླེབས་དུས་དེ་ན་བོད་རིགས་ཁག་ཅིག་ཟས་བཅད་ངོ་རྒོལ་དུ་བཞུགས་འདུག་པ་དང་། དེ་བཞིན་སྦེལ་ཀོབ་གཞིས་གྲོང་དང་པོར་ཐོན་དུས་ཡང་ཟས་བཅད་དུ་བཞུགས་འདུག འདི་ལྟར་བལྟས་ཡོང་ན་བོད་པ་གང་ན་ཡོད་ན་དེར་བོད་དོན་གླེང་གིན་ཡོད་པའི་ཏན་རྟགས་ཤིག་ཚུར་ངོམ་ནས་ཡོང་གིན་འདུག དེ་ལྟར་བོད་གཞིས་བྱེས་གཉིས་ཀྱིས་བོད་དོན་གླེང་བ་དང་བདེན་མཐའ་བརྩད་ན་རེ་བ་ཏན་ཏན་ཡོད་རྒྱུ་རེད། ད་དུང་ངས་མ་མཐོང་བ་དང་མ་ཐོས་པས་ལས་འགུལ་ག་ཚོད་ཡོད་རྒྱུ་རེད། སུས་ཀེམ་གྱི་རྐང་རྩལ་སྤོ་ལོ་རྩེ་འགྲན་པ་གྲགས་ཅན་བུ་ཆུང་བྷོ་ཌི་ཡ་༼ ཉེ་ ཆར་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་ཡང་ཤི་ལོང་ཁུལ་གྱི་བོད་མིས་ངོ་རྒོལ་ལས་འགུལ་སྤེལ་སྐབས་སུ་ཁོང་མཉམ་ཞུགས་གནང་ཡོད་རེད༽ཅེས་གོ་ཐོས་བྱུང་། དེས་ཀྱང་ང་ཚོ་ལ་བརྡ་གསར་བ་ཞིག་བརྒྱབས་པ་རེད། བོད་ནང་ནས་མེ་འབར་ན་ང་ཚོས་འདི་ནས་གསོད་མི་ཉན་པ་ཀུན་གྱིས་ཐུགས་ལ་ཟུངས། འདི་ནས་གསོད་མི་ཉན་ཞེས་པ་དེ་ལ་རྒྱབ་སྐྱོར་མ་བྱས་ན་དོན་གྱིས་བསད་པ་རེད།ཉིས་སྟོང་བཅུ་གཅིག་གི་ཟླ་བ་ལྔ་བའི་ཚེས་བརྒྱད་ཉིན་གྱི་མཚན་ཆུ་ཚོད་དང་པོ་དང་སྐར་མ་ང་བཅུ་ང་དྲུག་སྟེང་མཇུག་བསྡུས་པའོ།།

བཙན་བྱོལ་བོད་མིའི་འོས་བསྡུ་ཐེངས་སྔོན་མ་དག་དང་བསྡུར་ན། ད་ལོའ་ིབཀའ་སྤྱིའི་འོས་འཕེན་ཐད་མི་དམངས་ཀྱི་ཁྲོད་ནས་འུར་གླེང་ཆེན་པོ་ཡོད་པར་གྱུར། དེ་བས་སྤྱི་ཚོགས་ཐོག་གི་དཔྱད་བརྗོད་པ་དང་གཏམ་བརྗོད་པ་གང་མང་ཞིག་གིས་ཀྱང་ད་ནི་མང་ཚོགས་ལ་མང་གཙོའི་གོ་རྟོགས་སླེབས་ཡོད་ཚུལ་བསྒྲགས་བྱུང༌། འོན་ཀྱང་བདག་གིས་དེ་ལྟར་མི་འདོད་དེ། མང་གཙོ་ཞེས་པ་ནི་ཆབ་སྲིད་བྱ་འགུལ་ཁྲོད་དུ་ཞུགས་པ་དང་དེར་སྤྲོ་བ་བླངས་ཙམ་ལ་གོ་ན་ག་ལ་འགྲིག དེ་ནི་མང་གཙོ་མངོན་མཚོན་གྱི་ཆ་ཤས་གལ་ཆེན་ཤིག་ཡིན་འདུག་ནའང༌། ཚན་ཉིད་རིག་པའི་འཚོ་བ་དང་འབྲེལ་བའི་བསམ་སྤྱོད་ཀྱི་གཤིས་ལ་མེད་ན་མང་གཙོའི་ཚད་མཐོ་སར་སོན་པ་མ་ཡིན་ནོ། དེ་བས་ན་མང་གཙོ་ཞེས་པ་ནི་རྒྱལ་ཁབ་དང་ཚོགས་སྡེ་ཡི་གྲུབ་ཆ་སྟེ་ཆབ་སྲིད་ཀྱི་གཞི་སྒྲོམ་དང་དཔལ་འབྱོར་གྱི་གཞི་སྒྲོམ། སྤྱི་ཚོགས་ཀྱི་གཞི་སྒྲོམ་བཅས་ཀྱི་རིམ་པ་སོ་སོའ་ིའཛིན་སྐྱོང་དང་དོ་དམ། འབྲེལ་ལམ་དང་ལས་ཁུར་སོགས་ཀྱི་ཁྲོད་ནས་རྒྱུན་དུ་མངོན་འོས་པའི་བྱ་སྤྱོད་ཅིག་ཏེ། དེ་ཡང་ལོ་རྒྱུས་དང་སློབ་གསོའ་ིཡིན་རིང་གི་འཕེལ་རྒྱས་ཀྱི་རྒྱུད་རིམ་ནང་དུ་བྱུང་ཞིང༌། མང་གཙོའི་རྩ་དོན་དང་རིན་ཐང༌། ཁག་ཐེག་བཅས་ལ་བློ་སྦྱོང་བྱས་པ་ལས་བྱང་གོམས་སུ་སོང་ཞིང་བསམ་གཤིས་སུ་གྲུབ་པ་ཞིག་གོ དེ་ལྟ་ན་བཙན་བྱོལ་སྤྱི་ཚོགས་སུ་རྟག་ཏུ་སྒྲོག་གིན་པའི་ཡང་དག་པའི་མང་གཙོ་ཞེས་པའི་ཁ་གཡང་སྙན་མོ་འདི་ལ་བློ་མི་བདེ་ཞིང༌། ང་ཚོ་ཡང་དག་པའི་མང་གཙོའི་སྤྱི་ཚོགས་ཤིག་ཏུ་བསྙེག་པར་ད་ལྟ་ད་དུང་སྟ་གོན་གྱི་གནས་སུ་ལྷག་ཡོད་པ་མིན་ནམ་སྙམ། ཁྱད་པར་དུ་ད་ལོའ་ིསྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་སྐབས་དག་ཏུ་མི་དམངས་ཀྱི་སྤེལ་བའི་བྱ་འགུལ་དང་གཏམ་སྤྱོད་ཁྲོད་དུ་འོས་འཕེན་གྱི་སྤྱོད་ལམ་ཅུང་མི་བཟང་བའི་རྣམ་པ་རེ་ཟུང་ཡང་མངོན་ཡོད་ལ། ལྷག་པར་དུ་དངོས་ཡོད་འཚོ་བའི་ནང་དུ་མང་གཙོ་ལ་གོ་བ་མ་ལོན་པའི་གཏམ་སྤྱོད་རྒྱུན་དུ་ཡོང་བཞིན་ཡོད་ཅིང༌། འདིར་དངོས་བྱུང་གནས་ཚུལ་ཞིག་དཔེ་མཚོན་དུ་བཀོད་ན། ལོ་གཅིག་ལྷག་གི་ཡར་སྔོན་ཞིག་ལ་ང་ཚོ་མི་མང་པོ་ཞིག་དོན་བྱ་ཞིག་གི་ཆེད་དུ་མཉམ་འཛོམས་བྱས། བསམ་ཚུལ་མི་འདྲ་བའི་དབང་གིས་གྲོས་ཐག་མ་ཆོད་པར་ལུས་པའི་སྐབས། འདོད་མོས་ཡོད་མེད་ལག་པ་བརྐྱངས་བཅུག་མོད། འོན་ཀྱང་མི་ཆ་ཚང་མོས་པ་གཅིག་ཏུ་མ་བབས། དེར་བརྟེན་དེའི་ཁྲོད་ཀྱི་མི་གཅིག་ཁོང་ཁྲོའ་ིངང་ཡར་ལངས་ཏེ་མོས་མཐུན་མེད་པའི་མི་ཉུང་ཕྱོགས་དེ་ལ་ཁ་འཁོར་ནས་ཁྱེད་ཚོ་ཅི་རེད། ས་འདི་མང་གཙོའི་ལུང་པ་རེད། མང་ཟེར་ན་མང་པོའ་ིདོན་རེད་འདི་ཡང་ཤེས་ཀྱི་མེད་དམ་ཞེས་སྡིགས་ར་བྱས་བྱུང༌། ཁོའ་ིའདོད་ཚུལ་ལྟར་ན་ཉུང་ཕྱོགས་དེར་འདོད་མོས་ཡོད་མེད་ཅི་ལྟར་ཡང་མང་ཕྱོགས་ཀྱི་ཁ་ལ་མགོ་སྒུར་ནས་ཉན་དགོས་པ་དེ་རེད། དོན་དངོས་སུ་མང་ཚོགས་ཁྲོད་དུ་ད་དུང་ཡང་སྣང་ཚུལ་འདི་འདྲ་དང་གོ་བ་འདི་ལྟ་བུ་ལེན་མཁན་གྱི་མི་ཧ་ཅང་མང་པོ་ཡོད་ལ། དེ་ཡང་ཁག་ཅི་ལ་ཡོད་དེ། དམངས་གཙོའམ་མང་གཙོ་ཞེས་པ་ནི་བོད་པར་མཚོན་ན་མིང་བརྡ་གསར་བ་ཞིག་རེད་ལ། མིང་འདི་བོད་སྐད་དུ་ཐོག་མར་དམངས་གཙོ་སོགས་སུ་བསྒྱུར་ཏེ་བཀོལ་པ་དང༌། ད་ལྟ་གཞུང་འབྲེལ་ཡིག་ཆར་མང་གཙོ་ཞེས་སྤྱོད་ཀྱིན་ཡོད། བོད་མི་ཚོས་མིང་བརྡ་འདི་ཡིག་ངག་གཉིས་ཐོག་ནས་ལོ་ངོ་སུམ་བཅུ་ལྷག་གི་རིང་ལ་བེད་སྤྱད་ཀྱང༌། ད་ལྟ་ད་དུང་དེའི་གོ་དོན་བོད་པ་གང་མང་གི་སེམས་སུ་གསལ་ཁ་དོད་པོ་ཞིག་ངེས་མེད་ཚོད་དུ་གདའ། ཆ་བཞག་ན། མང་གཙོ་ཞེས་པའི་སྐབས་སུ་མང་ཉུང་གི་མང་ལ་གོ་བ་བླངས་ཏེ། མི་ཁ་མཐུན་པ་མང་ཤོས་ཀྱིས་དབང་བསྒྱུར་བའི་གཞུང་ལ་འདོད་པ་ནི་རྦད་དེ་གོ་ལོག་ཐེབས་ཤིག་རེད། གོ་བ་དེ་ལྟར་བླངས་པ་ནི་མང་གཙོའི་རྩ་བའི་གཞི་རྟེན་དང་འགལ་ཡོད་དེ། མང་གཙོ་ནི་ཆབ་སྲིད་ལམ་ལུགས་ཤིག་དང་ཚན་ཉིད་ལྟ་གྲུབ་ཅིག ཡང་ན་བསམ་པའི་འཁྱེར་སོ་ཞིག་གང་གི་ངོས་ནས་བལྟས་ཀྱང་རང་

མང་གཙོ་དང་གོ་ལོག

–པདྨ་བསམ་གྲུབ།

དབང་དང་འདྲ་མཉམ། མཛའ་བརྩེ་བཅས་གཞི་ལ་བཞག་ཏེ་བསྐྲུན་པ་ཞིག་ཡིན་སྟབས། གོ་བ་དེ་ལྟར་ལེན་པར་མི་རིགས་ཏེ། རང་དབང་དང་འདྲ་མཉམ་དེ་ཡང་མི་བུ་སྒེར་གཞི་ལ་བཞག་པ་ཞིག་ཡིན་པ་ལས་མང་མཐའ་ལ་ལྷུང་བ་ཞིག་གཏན་ནས་མིན། མི་སྒེར་གྱི་བརྩི་མཐོང་གཅེས་སུ་འཛིན་པའི་མང་གཙོས་མི་བུ་སྒེར་གྱི་གཏམ་བརྗོད་རང་དབང་དང་དགག་རྒྱག་རང་དབང༌། མཐའ་ན་གཞན་ཕྱོགས་ལ་མོས་མཐུན་མི་བྱ་བའི་ཐོབ་ཐང་ལ་ཁག་ཐེག་བྱེད་ལ། དེ་ནི་མང་གཙོའི་རྩ་བའི་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན་པས་ན། མང་གཙོའི་མང་ནི་མང་ཉུང་གི་མང་ལ་གོ་བ་བླངས་ན་བརྡ་དོན་གྱི་བར་ལ་འགལ་ཚད་ཆེན་པ་ཤོར་འགྲོ་བས་མི་འཐད་དོ། དེ་ཡང་དབྱིན་ཡིག་གི་Democracy ཞེས་པའི་མིང་ཚིག་འདི་ཐོག་མར་ནུབ་གླིང་ནས་བྱུང་ཞིང་དེའི ་སྐད་དོད་དུ་བོད་ཕྱི ་ནང་གཉིས་ནས་འགྱུར་སྣ་ཚོགས་ཤིག་བྱུང་མྱོང་འདུག་ཅིང༌། དེའི་ཐོག་མའི་ཡོང་ཁུངས་ནི་གྷི་རིག་གི་མིང་ཚིག་སྟེ་demosཞེས་པ་མི་མང་དང་kratosཞེས་པ་སྟོབས་ཤུགས་ལ་ལས་དབང་བསྒྱུར་ལ་གོ་བ་ཡོད་ཀྱང་དོན་ལ་མི་འགལ།ལ་གོ་བས་ན་དེའི་ཚོག་དོན་ནི་མི་མང་གི་སྟོབས་ཤུགས་ཟེར་བ་ཡིན་ཕྱིར། ད་ལྟ་གཞུང་འབྲེལ་གྱིས་སྤྱོད་པའི་མིང་བརྡ་མང་གཙོ་ཞེས་པ་འདི་ལ་མི་མང་གཙོ་བའམ་མང་ཚོགས་གཙོ་བ་ཞེས་པའི་དོན་དུ་བཀྲལ་ན་བརྡ་དོན་འབྲེལ་ཆགས་པར་མཐོང་མོད། འོན་ཀྱང་མང་མང་གིས་འདིའི་གོ་བ་ཚུལ་བཞིན་མ་ལོན་པར་གོ་ལོག་ཏུ་སྤྱོད་པའི་སྣང་ཚུལ་ཧ་ཅང་མང་པོ་འདུག་གོ ཡང་གོ་བ་དེ་ལྟར་ལེན་པ་ལ་དོགས་གནད་འདི་ཡོད་དེ། མང་གཙོའི་སྤྱི་ཚོགས་སུ་བྱ་བ་ཐམས་ཅད་མང་མོས་ཀྱིས་ཐག་གཅོད་པ་དང་མང་ཕྱོགས་དབང་ཆེ་བར་འཛིན་པ་མིན་ནམ་ཟེར་ན། དེ་ཡང་མིན་ཏེ་མང་ཕྱོགས་དབང་ཆེ་བར་འཛིན་པ་ནི་མང་གཙོའི་ཐབས་ལམ་ཞིག་ཡིན་གྱི་དེའི་རྩ་དོན་དང་དམིགས་ཡུལ་མ་ཡིན་ནོ། གལ་ཏེ་རྒྱལ་ཁབ་ཅིག་གི་མི་མང་ཡོངས་དོན་བྱ་གཅིག་ལ་སྤྱི་མོས་བྱུང་ན་ནི་ལྷ་རབ་རེད་མོད། འོན་ཀྱང་གནའ་བོའ་ིའཚོ་བ་ཤོག་ཁག་གི་རྣམ་པ་དེ། རིམ་བཞིན་ས་རྒྱ་ཆེ་ལ་མི་འབོར་མང་བའི་རྒྱལ་ཁབ་ཀྱི་ངོ་བོར་འཕོས་ཤིང༌། ལྷག་པར་བཟོ་ལས་གསར་བརྗེའི་ཚུན་ནས་རྒྱལ་ཁབ་དག་གི་མི་འབོར་དང་ས་རྒྱ། སྤྱི་ཚོགས་ཀྱི་རྙོག་འཛིང་རང་བཞིན་དག་བསམ་ཡུལ་ལས་འདས་པ་ཞིག་ཏུ་འཕེལ་བ་ན། གནས་སྟངས་དེ་འདྲའི་འོག་ཏུ་མི་ཁྲི་འབུམ་མང་པོ་ས་གཅིག་ཏུ། དུས་གཅིག་ལ། མཉམ་གཅིག་ཏུ་འཛོམས་ནས་གྲོས་བསྡུར་དང་ཐག་གཅོད་བྱེད་ཐབས་མེད་ལ། མི་མང་ཡོངས་ཀྱི་འདོད་མོས་གཅིག་མཐུན་དང་བརྒྱ་ཁ་གཅིག་གྲགས་ཡོང་དཀའ་བས་ན་ཐབས་ལམ་འདི་ལས་ལེགས་པ་ཞིག་མ་རྙེད་པ་རེད་ལ། དེ་བས་ཉུང་ཕྱོགས་དེ་རང་བཞིན་གྱིས་དབང་ཆུང་བར་སོང་སྟབས། དེ་ནི་མང་གཙོ་རང་ལུགས་ཀྱི་ཞན་ཆ་ཞིག་ཏུ་སྨྲ་ཞིང༌། ཞན་སྐྱོན་དེ་སེལ་ཆེད་མང་གཙོ་རང་ལུགས་ཀྱིས་མི་བུ་སྒེར་གྱི་རང་དབང་དང་བརྩི་མཐོང་ལ་རིན་ཐང་ལྟ་བས་འགན་ལེན་དང་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ་རེད། རྒྱུན་མཚན་དེའི་དབང་གིས་མང་གཙོའི་རྒྱལ་ཁབ་དག་གི་རྩ་ཁྲིམས་སུ་ཡང་ཉུང་ཕྱོགས་ཀྱི་རང་དབང་ལ་སྲུང་སྐྱོབ་ཆ་ཚང་ཡོད་པའི་ཐོག་ནས་ད་གཟོད་མང་ཕྱོགས་ཀྱིས་དབང་འཛིན་བྱེད་དགོས་པའི་གནད་འདི་འཁོད་པ་མ་ཡིན་ནམ།

ད་ལྟ་ང་ཚོར་གལ་ཆེན་པོ་གང་འདུག་ཅེ་ན།ང་ཚོ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ཡོད།འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་བ་ལ་ཤེས་བྱ་ཡོན་ཏན་དགོས་པ་དང་།ཤེས་བྱ་ཡོན་ཏན་གྱི་ཐོག་ནས་བདེན་པ་མཐའ་ལ་འཁྱོལ་བ་ཞིག་བྱེད་དགོས། ཤེས་བྱ་ཡོན་ཏན་མེད་ན་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་པར་འཁྱོལ་རྒྱུ་ཁག་པོ་ཡིན། དེར་བརྟེན་དེ་རིང་འདིར་ཡོད་པའི་ཁྱོད་རང་གཞོན་ནུ་ཕོ་མོ་ཚོས་སློབ་སྦྱོང་ལ་ཤུགས་བརྒྱབ་དགོས་པ་ཡིན།

༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༸གོང་ས་མཆོག་གིས།

Page 6: news of june

བོད་དོན་གླེང་སྟེགས།

Bod-Dhon-Ling-Tik-6-

=༦= ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

བོད་དོན་གླེང་སྟེགས།

རྩོམ་སྒྲིག་པ།

ཨ་འདུས་མིག་ཆུ།

རྩོམ་ཡིག་སྐུར་སྒམ།

[email protected]

འབྲེལ་གཏུག་ཨང་།

9882224292

གཅིགཆུང་ཆུང་བྱིས་པའི་དུས་སུ། ཁྱིམ་གྱི་ཀོ་ཐུམ་ཅན་གྱི་རླུང་འཕྲིན་ཚི་སྟུག་མ་དེ་ལས། རྔ་བ་ན་ཚོང་བ་མང་གི་ཞེས་འོར་དང་ཡང་གིས་གྲགས་ཡོང་བ་དེ་ནི། ངའི་རྣ་ལམ་དུ་རྔ་བ་ཟེར་བ་ཞིག་འཁྱེར་ནས་ཡོང་མཁན་གྱི་དབྱར་ཐོག་མའི་འབྲུག་སྒྲ་ཡིན་ཞིང༌། ངའི་སེམས་སུ་རྔ་བ་ཟེར་བ་ཞིག་འཇགས་སུ་འཇུག་མཁན་གྱི་སྒྲ་དབྱངས་ཆེས་ཐོག་མའང་དེ་ཡིན་མོད། དེ་ནི་ཨ་ཁུ་སྨན་བླའི་ཁ་ཤགས་ཀྱི་དགོད་བྲོ་བའི་ཚིག་གི་རོལ་རྩེད་དང་ངག་གི་འགྱུར་ཁུག་ལས་ཐོས་པ་ཡིན་པས། སྐབས་དེར་ངའི་རྣ་ལམ་དུ་རྔ་བ་ཟེར་བ་ནི་དགོད་སྤྱད་ཅིག་ལས་ཅི་ཡང་མིན་ལ། ངའི་སེམས་ནའང་རྔ་བ་ཟེར་བ་དེར་གོ་བ་ཅི་ཡང་མེད། འོན་ཀྱང༌། དུས་དེ་རིང་སྐབས་དེ་དུས་ཀྱི་རྔ་བ་དེ་སླར་ཡང་ཡིད་ལ་དྲན་ཞིང༌། སེམས་ནས་རྣོག་ཚེ། སྐབས་དེ་དུས་ཀྱི་ཚོང་པ་མང་པོ་མང་པོ་ཅན་གྱི་རྔ་བ་དེ། མཐོ་སྒང་གི་ན་བུན་སྟུག་པོའ་ིཁྲོད་ན། ལམ་ལ་ཆས་ཀྱིན་པའི་རྔ་བ་དེ་ཡིན་འདུག་ལ། དེ་ནི་ས་སྒང་གི་ཡང་རྩེ་རུ་རྟོགས་སད་ཀྱི་རྔ་སྒྲ་ཞིག་གྲགས་ཡོང་གིན་པ་དེ་རེད་གདའ་ཨང༌།།

གཉིས།ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཀྱི་དུས་སུ། མི་སྐྱིད་མི་བདེ་ཟེར་བའི་ས་མཐའ་རུ། ངས་ཁ་གྲགས་ཚད་ལ་ཁ་ནས་དམྱལ་བ་བོ་དང༌། མྱི་ལྡང༌། བཀའ་འགྱུར་ཟེར་བཞིན་ཁ་རྒྱག་ཆེན་པོས་ཁ་ཤོམ་འཐེན་མཁན་གྱི་རྔ་བ་པ་གཞི་ནས་མཐོང་ལ། སྐབས་དེར་རྔ་བ་པ་ཕལ་ཆེ་བས་སློབ་གྲྭའི་ཐབ་ཚང་གི་གཞུང་གི་ཟ་མ་མི་ཟ་ཞིང་གཞུང་གི་ཉལ་ཆས་མི་གྱོན་ལ། གོ་སྐབས་ཤིག་ནམ་ཡིན་ལ་རྔ་བ་པ་དག་མདུན་དུ་ཐོན་

ང་ཡི་ལོ་ཟླ་དང་ཨ་མདོ་རྔ་བ། སྐལ་བཟང་ཉི་མ། 《ཤེས་རབ་དགའ་ཚལ་གླིང༌།》

ཡོང་པས། ངས་སྐབས་དེ་དུས་ཀྱི་ཕྱི་འཛོམས་ནང་འཛོམས་ཀྱི་རྔ་བ་པ་ཚོ་མཐོང་དུས། རླུང་འཕྲིན་ནང་གི་སྐད་ཆ་དེ་སླར་ཡང་ཡིད་ལ་ཝ་ལེར་དྲན་ཞིང༌། རྔ་བའི་ཚོང་པ་དག་གི་འབྱོར་ཉམས་དེ་སེམས་སུ་ལྷམ་མེར་འཆར་པས། རྔ་བའི་ཚོང་པ་དག་གིས་རང་གི་བུ་རབས་ཚ་རྒྱུད་ལ། རྐང་རྟེན་མཐུག་ཐག་ཆོད་པ་ཞིག་བཟོས་འདུག་པ་གཞི་ནས་རྟོགས་ལེ་ཡིན།།

གསུམ།སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོར། བོད་ཡུལ་རང་དབང་དང་མང་གཙོའི་གཡུལ་ལ་ཆས་དུས། བོད་མདོ་སྨད་རྔ་བ་རུའང་དམར་པོ་ཁྲག་གི་རུ་དར་འཕྱར་ཏེ་ཚེ་སྲོག་གིས་གཏུག་གཤེར་རྒྱག་པ་རླུང་འཕྲིན་དང་བརྙན་འཕྲིན་ཀུན་པོ་ལས་ཐོས་ཤིང༌། འཇིགས་ཡེར་ཡེར་གྱི་གནམ་ས་ཞིག་གི་ཁ་ཕྱེས་སོང་ལ། ཁྲག་དམར་གྱིས་ནེམ་པའི་བོད་རྔ་བའི་དཔའ་རྒོད་ཚོའི་ཕུང་བོ་པར་ལ་བཏབས་པ་དག་གིས། སྲང་ལམ་དང་བཞི་མདོ། རྒྱ་ལམ་གྱི་གཡས་གཡོན་དང་འགོ་རྔ༌། ཐ་ན་ཧྲག་བར་ཆུང་ཆུང་ཞིག་གི་བར་སྟོང་ཡང་མ་ལུས་པར་ཁེངས་སོང་བ་མཐོང་པས། བླ་འདར་འདར་གྱི་རང་གི་སྙིང་ཁམས་སུ། དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ་སྙམ་པའི་དྲི་རྟགས་ཤིག་གིས་ཚ་འདྲི་བྱས་བྱུང༌།།

བཞི།བོད་རྔ་བའི་སྨྱུག་འཆང་པ་དག་གི་སྙིང་སྟོབས་སུ་ངོམ་ཆོག་པའི་གཉན་མིང་པས། ང་ཚོའི་ལུས་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གྲངས་བཤེར་བྱས། རྔ་ཡུལ་གྱི་ཐེའུ་རེངས་སུ་འབོད་པའི་ཕོ་རྒོད་དར་མ་ཞིག་གིས། དྲ་ལམ་གྱི་ཤོག་ཐང་ཆེན་པོའ་ིཐོག་ཐག་ཏུ། སྟོང་ལོ་བརྒྱད་པའི་ཁྲག་ཡིག་གི་རྡོ་རིང་བསླངས། ད་དུང་བོད་རྔ་བའི་སྨྱུག་

འཆང་པ་དེ་དང་། འདི་དང་འདི་ལ་སོགས་པ། སྨྱུག་དམག་གི་རུ་དཔུང་དེ་སུ་ཞིག་གི་རྒྱབ་དཔུང་དུ་མདུན་ལ་ཐོན་ཞིང༌། ཚ་ཚ་འུར་འུར་གྱི་《ཤར་དུང་རི་》དང་《དུས་རབས་ཀྱི་ང་》སོགས་ཀྱི་དར་ཆ་མཐོ་རུ་སྒྲེང་བཞིན་འུར་དང་སྟོབས་ཀྱིས་མཆོང་ཡོང་བ་འདིས། དགྲ་གཉེན་ཀུན་ལ། མིའི་རིགས་ཡོངས་ལ། འགྲོ་བ་ཐམས་ཅད་ལ། ཉེན་བརྡ་ཞིག་གཏོང་དུས། ལྐོག་བརྡ་ཞིག་རྒྱག་དུས། ངས་རང་གི་ལོ་ཡི་འཁོར་མོ་རིས་སུ་བཀྲ་བའི་མི་ཚད་མིག་གིས་མཐོང་གི་ངས་རང་གི་བློ་དང་རིགས་པས་བསགས་པའི་ཤེས་ཚད་སེམས་ཀྱིས་མྱོང་གི།

ལྔ༌།དུས་དེ་རིང་གི་རྔ་བ་ཀིརྟི་དགོན། རང་ལུས་མེ་རུ་སྦར་ནས་བདེན་པའི་བུ་ཆུང་གཉོར་མཁན་གྱི་དཔའ་བོའ ་ིའདུ་རྭ་ཆེན་མོ། གྲྭ་བ་ཁྱུ་འདེད་ཀྱིས་མུན་ནག་གི་བཙོན་རྭར་འཇུག་གིན་པའི་དམྱལ་ཁམས་གསོན་པོ། ཉིན་མཚན་མེད་པར་དམར་དམག་གི་སྡིགས་ར་དང་སྡུག་སྦྱོང་གི་ཁྲག་དང་མིག་ཆུ་ཆད་རྒྱུ་མེད་པའི་ཁྲིམས་རྭ་བཙན་པོ། དུས་དེ་རིང་ཁྱེད་ཀྱི་མཚན་ཙམ་ཐོས་ཀྱང་ཀྲུང་གོའ་ིགློག་བརྙན་རྙིང་གྲས་ཁག་གི་ནང་ནས་མཐོང་བའི་ཧྲོ་ལན་དགོན་པ་དག་དྲན་ཡོང་གི ཁོང་ཚོས་རང་ཉིད་ཆུང་ཆུང་ཞིག་ཡིན་པ་ཤེས་བཞིན་དུ། མི་མང་གི་བདེ་སྡུག་གི་ཆེད་དུ་སྲིད་གཞུང་ཞིག་འགོ་རྟིང་སློག་པའི་འཐབ་ར་སྦྲན་པ་དང༌། སྲིད་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཐེར་འདོན་བྱ་ཆེད་དབྱུག་པའི་རྩལ་གྱི་སྤོབས་པ་རི་ལས་མཐོ་བ་དང༌། རང་གི་ཆོས་ལུགས་རང་དབང་ཁུ་ཚུར་གྱི་ངར་ཤུགས་ཁོ་ནས་རྩོད་པ་བཅས་དྲན་པ་མ་ཟད། ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་པ་དང༌། གྲྭ་བ་སུམ་རྒྱ་ཐམ་པ་འཛིན་བཟུང་བཀག་ཉར་བྱས་པ་སོགས་གོ་ཡོང་དུས། ཧྲོ་ལན་དགོན་པའི་ཛ་དྲག་སྐབས་ཀྱི་ཁྲི་བ་ཀྲི་ཧྲན་དང་དགེ་སྤུན་ཆེ་ཆུང་རྣམས་སོགས་ཀྱི་གཟུགས་སྣང་ཡིད་ལ་འཁོར་ཡོང་བས། སྙིང་དམར་པོ་ལྷོག་ལྷོག་བྲང་ཁོག་གི་མུ་མཐའ་ལ་ལྡིང་འགྲོ་འོ།།རྔ་ཡུལ་ཀིརྟིདགོན། ཁྱོད་ཀྱི་འཇིགས་པ་ང་ཡི་སྡུག་བསྔལ་ཡིན། ཁྱོད་ཀྱི་སྡུག་བསྔལ་ང་ཡི་འཇིགས་པ་ཡིན། །

རྩྭ་ཐང་ནས་གཉོམ་ལག་རྒྱས་ཤིང་སྦྲ་འདབས་ནས་ཚེ་སྲོག་འབུས་པའི་བོད་མི་ཞིག་ཡིན་ཕྱིན་ཕལ་ཆེར་ཨ་མའི་ལག་རྩམ་གྱི་རོ་བཅུད་ལ་བརྟེན་ཏེ་འཚར་ལོངས་མ་བྱུང་བ་གཅིག་ཀྱང་མེད། ཁོ་མོར་མཚོན་ན་ཡང་ཨ་མའི་ལག་རྩམ་ལ་རོལ་ཏེ་ནར་སོན་པའི་འབྲོག་ཕྲུག་མ་ཞིག་ཡིན། ཨ་མའི་ལག་རྩམ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ཟས་ཏེ་བོད་མིའི་འཚོ་བའི་ཁྲོད་དུ་ཆེས་མེད་དུ་མི་རུང་བའི་བཅུད་ལྡན་གྱི་ཟས་མཆོག་ཅིག་ཡིན།གདོན་མའི་མེས་པོའ་ིབཀའ་དྲིན་ཅན་སུ་ཞིག་གིས་དཀའ་སྡུག་གི་རྔུལ་ནག་ལས་བརྡོལ་བའི་རྩམ་པ་ཟ་བའི་སྲོལ་འདི་བྱུང་བ་ནས། རྩམ་པ་འདི་མི་རིགས་ཤིག་གི་ཚེ་སྲོག་གི་རྟེན་གཞི་དང་རིགས་རྒྱུད་ཅིག་གི་ཐུན་མོང་མ་ཡིན་པའི་ཟས་སྐལ་དུ་གྲུབ། མི་རིགས་འདི་ལ་མགོ་ནག་རྩམ་ཟན་པ་ཞེས་པའི་མིང་འདི་ཡང་དུས་འདི་ནས་ཐོགས། དེའི་ཕྱིར། བོད་པ་ཞིག་ཡིན་ཕྱིན་རྩམ་པ་ཟ་བར་མི་དགའ་མཁན་ཉུང་ཉུང་ཡིན། ཁོ་མོར་མཚོན་ན་ཡང་བོད་པ་ཞིག་ཡིན་ཕྱིར་རྩམ་པ་ཟ་བར་དགའ་ལ། ལྷག་པར་དུ་ངེད་ཚང་གི་ཤིང་སྒམ་དུ་བླུགས་པའི་ཨ་མའི་ལག་རྩམ་ཟ་བར་ཧ་ཅང་དགའ།ངས་དྲན་པ་ནས་བཟུང་ངེད་ཚང་གི་མར་སྒྱེད་འགྲམ་གྱི་ཤིང་སྒམ་གྲུ་བཞི་དེའི་བདག་པོ་ཨ་མ་ཡིན་ལ། ཟས་ཐུན་སླེབས་ཐེངས་རེར་དྲི་ཞིམ་འཐུལ་ཞིང་དྲོད་ཁོལ་མ་ཡལ་བའི་ཨ་མའི་ལག་རྩམ་ལ་རོལ་དུས་སེམས་སུ་སྔར་མེད་སྤྲོ་བ་ཚད་མེད་རེ་སྐྱེས་མྱོང་ལ། མྱུར་དུ་རྔམ་ཟ་བྱས་ཏེ་སླར་ཡང་ལག་པ་བསྲིངས་བར་དགའ།

ཨ་མའི་ལག་རྩམ་དྲན་པ།

–སྨིན་སྣང་མཛེས། 《ས་རཱ》

ངེད་ཚང་གི་ཤིང་སྒམ་གྲུ་བཞི་དེའི་ནང་ན་ཉར་བའི་ཨ་མས་ལག་འཐག་གི་རྩམ་པ་ནི།་ངེད་ཚང་གི་ཕ་མའི་ཡང་མེས་ནས་བརྒྱུད་པའི་གཅེས་ནོར་དང་། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་རུམ་ཞིང་མི་རབས་དུ་མའི་གཏམ་རྒྱུད་ཁུར་ཏེ་ཚེ་སྲོག་གྲངས་མེད་ཅིག་ལ་ལང་ཚོའི་ཁོ་ལག་རྒྱས་སུ་བཅུག་སོང་།དེར་བརྟེན། ངེད་སྤུན་མཆེད་སུ་ཞིག་ཡིན་ཡང་ཨ་མའི་ལག་རྩམ་གྱི་རོ་བཅུད་ལ་བརྟེན་ཏེ་ནར་མ་སོན་པ་གཅིག་ཀྱང་མེད། ལྷག་པར་དུཁོ་མོ་ནི་སྤུན་མཆེད་གཞན་ལས་ཀྱང་ཨ་མའི་ལག་རྩམ་ལ་རོལ་བར་དགའ་བའི་བུ་མོ་ཞིག་ཡིན་ཕྱིན། ནམ་རྒྱུན་ཨ་མ་དང་འབྲལ་མ་མྱོང་ལ་ཨ་མའི་ལག་རྩམ་དང་ཡང་འབྲལ་མ་མྱོང་། ཚེ་སྲོག་གི་རུས་རྐང་རེ་རེ་ལ་ཡང་ཉིན་རེ་ནས་ཉིན་རེར་གསོན་ཤུགས་རྒྱས་པ་རྟོགས་ཐུབ། ཨ་མས་གསུངས་པ་ལྟར་ན་ཚི་དྲེག་ཆགས་ཤིང་སྐྱ་བོར་གྱུར་བའི་རྩམ་སྒམ་འདི་ཕ་མེས་བཀའ་དྲིན་ཅན་ཚོས་ཤུལ་བཞག་གི་གཅེས་ནོར་ཡིན་པས། ཨ་མས་ཀྱང་རྗེས་མར་རྩམ་སྒམ་འདི་བུ་མོར་བརྒྱུད་སྤྲོད་བྱེད་དགོས་ཞེས་ཐེངས་མང་གསུངས་མྱོང་བ་མ་ཟད། སྐབས་རེར་ཨ་མས་རྩམ་སྒམ་དང་འབྲེལ་བའི་གཏམ་རྒྱུད་རིང་པོ་རེ་ཡང་བཤད་མྱོང་། གང་ལྟར་། ང་ནི་ཨ་མའི་ལག་རྩམ་གྱི་གསོས་པའི་བུ་མོ་ཞིག་ཡིན་ཕྱིར། རྩམ་པ་ནི་ངའི་མི་ཚེའི་ནང་འབྲལ་དུ་མེད་པའི་ཟས་མཆོག་ཅིག་ཡིན་ལ། ངའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།ཡིན་ན་ཡང་། ངའི་གོམ་སྟབས་ཁེར་རྐྱང་དུ་ཕྱོགས་པ་ནས་ང་ཨ་མ་དང་བྲལ་ཟིན་ལ་ཨ་མའི་ལག་རྩམ་དང་ཡང་བྲལ་ཟིན།

ལོ་མ་སེར་པོའ ་ིའཕུར་ལྡིང་རྒོད་ཅིང་དགུན་གྱི་རང་གཤིས་མངོན་ལ་ཉེ་བའི་དུས་འདིར་ང་སྔར་བཞིན་ཁེར་རྐྱང་དུ་ཁང་མིག་གྲུ་བཞི་འདི་ན་ཨ་མའི་འཛུམ་ཞལ་ཡིད་ལ་སྒོམ་ཞིང་ཨ་མའི་ལག་རྩལ་དྲན་བཞིན་མིག་ཆུའི་ཐིགས་པ་རེ་རེ་མཁུར་ཚོས་བརྒྱུད་དེ་ས་རུ་ཟགས་བྱུང་། སྐབས་འདིར་རང་དབང་མེད་པར་མདང་དགོང་གི་རྨི་ལམ་དེ་དྲན་བྱུང་། རྨི་ལམ་དུ་ཁོ་མོ་དང་ཨ་མ་གཉིས་སྦྲ་འདབས་ན་འཛོམས་ཤིང་ཨ་མས་སྔར་བཞིན་ཚ་བེར་བེར་གྱི་ལག་རྩམ་བརྫིས་ཏེ་ཁོ་མོའ ་ིལག་ཏུ་བཞག་པར། ཁོ་མོས་ཨ་མས་ལག་རྩམ་དྲན་དྲགས་ནས་རྔམ་ཟ་བྱེད་བཞིནའདུག ཁོ་མོའ་ིམཐའ་འཁོར་ན་ཡོད་པའི་སྤུན་མཆེད་ཚོས་ཀྱང་བདག་ལ་མིག་ཟུང་རིག་རིག་གིས་གྱེར་ཞིང་ལག་ཟུང་བསྲིང་བཞིན་འདུག་གོ།

འབོད་སྐུལ་དང་རེ་བ།

བོད་དོན་གླེང་སྟེགས་དང་འབྲེལ་བའི་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ། བོད་དོན་གླེང་སྟེགས་འདི་ནི ་སྔ་ལོར་སློབ་ཕྲུག་རྒན་པ་གཉིས་ཀྱིས་ལྷག་བསམ་རྣམ་དག་གི་ཀུན་ནས་བསླངས་ཏེ་བསྐྲུན་པ་ནས་ད་བར་ལོ་གཅིག་ཙམ་ལས་མ་ལོན་པའི་ལོ་ཆུང་ཞིག་ཡིན་ལ། ད་སྐབས་ཀྱང་སློབ་ཕྲུག་ཅིག་གིས་སློབ་ཞོར་དུ་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་ཉམ་ཉེས་ལ་བསམ་ནས། འབད་འབད་དུང་དུང་གིས་ཚགས་པར་འདིའི་ཚེ་སྲོག་རྒྱུན་གནས་ཡོང་ཕྱིར་སྒྲུབ་བཞིན་པ་ལགས་ན། རྒྱ་ཆེའི་སྙུག་ཐོགས་པ་རྣམས་ཀྱིས་རྩོམ་ལུས་ལ་ཁྱད་མེད་ཀྱིས་རང་རེའི་འདས་ཟིན་པའི་ཉམ་ཉེས་ཀྱི་རྒྱུ་རྐྱེན་དང་། མ་འོངས་མདུན་ལམ་གྱི་འཕེལ་ཕྱོགས་ལ་ཕན་པའི་རྩོམ་ཡིག་གང་མང་ཞིག་གཤམ་གསལ་གློག་འཕྲིན་ཁ་བྱང་བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པའི་སྟེང་ངེད་རྩོམ་སྒྲིག་པར་གནང་སྐྱོང་ཡོང་བའི་རེ་བ་སྙིང་ནས་ཞུ། ཚགས་པར་དང་དུས་དེབ་གང་ཞིག་འཚོ་བ་གཞན་དོན་དུ་ཡིན་ཡང་། འཚོ་བྱེད་ཀྱི་ཁ་ཟས་ལྟ་བུ་ནི་ཁྱེད་ཅག་སྙུག་ཐོགས་པ་དག་གི་རྩོམ་ཡིག་གི་སྦྱིན་གཏོང་ཆེན་པོ་ཁོ་ན་ལ་རག་ལས་ཏེ། ད་བར་ཚགས་པར་དང་དུས་དེབ་མང་པོ་ཞིག་འཇིག་རྟེན་དུ་ཕེབས་ཤིང་ཡུན་རིང་མ་འགོར་བར་ལྔ་ལམ་དུ་ཆས་དགོས་བྱུང་བ་མང་པོ་ཞིག རྩོམ་པ་པོའ་ིརྩོམ་ཡིག་གི་སྦྱིན་གཏོང་ཞན་པ་དང། ཀློག་པ་པོའ་ིརེ་སྒུག་གི་འདུ་ཤེས་ངན་དྲག་པའི་ཅི་ལ་མིན་སྙམ་ན། ལྷག་བསམ་དང་ཤེས་དཔྱོད་མངའ་བའི་རྒྱ་ཆེའི་རྩོམ་པ་པོ་ཚང་མས་ཟླ་རེའི་ཚགས་པར་འདིར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་རེ་ཡོང་བར་ཞུ་ཞེས་དམར་དམར་སྙིང་ནས་རེད་འབོད་ཞུ་བཞིན་ཡོད།

བཟོད་གསོལ་དང་སློང་གཏམ།

ད་རེའི་འདིར་བཀོད་པའི་རྩོམ་ཡིག་མི་ཉུང་བ་ཞིག་རྩོམ་པ་པོ་རང་རང་གི་དྲ་ཐོག་ཟིན་བྲིས་ལས་འདིར་གདན་འདྲེན་ཞུས་པ་ཡིན་ལ། དེ་ལྟར་བྱེད་ཆོག་པའི་དབང་ཚད་ཀྱང་སྙུག་ཐོགས་པ་དེ་དག་ཁོ་ནར་དབང་བ་བཞིན། དེ་དག་གི་ཟིན་བྲིས་གཤམ་དུ་བདག་གིས་ཀྱང་ཟིན་མཆན་རེ་བཀོད་ནས་འདྲེན་བཀོད་བྱ་ཆོག་པའི་གནང་བ་ཞུས་ཡོད་ཀྱང་ཁོང་དག་གིས་དེ་བཞིན་བགྱི་བའི་གསུང་སྐད་མ་བྱོན་ནའང་རང་ཉིད་ཀྱིས་ཀྱང་སེམས་ཁོང་ནས་བཟོད་གསོལ་ཞུ་བཞིན་འདིར་བཀོད་ཡོད་པས་རྩོམ་ཡིག་དེ་དག་གི་བདག་པོ་སོ་སོར་ལག་གཉིས་བྲང་ཁར་སྦྱར་ཞིང་སེམས་བསམ་པའི་གཏིང་ནས་དགོང་དག་ཐུགས་དག་ཅེས་ཞུ་རྒྱུ་ཡིན། མ་འོངས་པར་ཡང་ཚགས་པར་འདིས་ཐད་ཀར་འཚོ་རྟེན་གྱི་རྩོམ་ཡིག་གི་ཟས་མཆོག་མ་རེག་ཚེ་སླར་ཡང་དེ་ལྟར་བྱེད་ཆོག་པའི་འབོད་པ་བྱེད་བཞིན་ཡོད་ལ། རྩོམ་པ་པོ་དག་གིས་གཤམ་འོག་གློག་འཕྲིན་ཁ་བྱང་ངམ་ཁ་པར་ཨང་གྲངས་ཀྱི་འབྲེལ་ཟམ་ཐོག་ནས་ལམ་སྟོན་དང་། རྩོམ་ཡིག་བོད་དོན་དང་འབྲེལ་ཡོད་རེ་གནང་བར་ཞུ། ད་ཐེངས་ཀྱི་ཚགས་པར་འདི་བདག་གིས་རྩོམ་སྒྲིག་གི་ལས་ལ་ཞུགས་པ་དང་པོ་ཡིན་པས་དག་ནོར་དོན་ནོར་གྱི་སྐྱོན་ཡོད་སྲིད་པས་བཟོད་གསོལ་སྙིང་རུས་པའི་གཏིང་ནས་ཞུ་བཞིན་ཡོད།